R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 474
[A:474]མཐོང༌། མ་ཏངྒི་པ་སྟེ་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། མཁས་མཆོག་དཔའ་བོ་སྟེ་ཉེ་བའི་སྲས་གསུམ། བདུན་པོ་དེའི་ནང་ནས་མ་ཏངྒི་པ་ནས། ཏཻ་ལོ་པ། ན་རོ་པ། མར་པའོ། །ཡང་ན་ཀླུ་སྒྲུབ་ཀྱིས་མ་ཏངྒི་པ་ནས། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག ཨ་ཝ་དྷཱུ་ཏཱི་པ། སྤྱོད་པའི་རྡོ་རྗེ། ནག་པོའི་ཞབས། དྲི་མེད་བློ་གྲོས། ནུབ་ལཀྵེ་ཏྲའི་གཙུག་ལག་ཁང་ན་བཞུགས་པའི་དཔལ་ཡེ་ཤེས་སྙིང་པོས་ལྷོ་བྲག་མར་པ་ལོ་ཙཱ་བ་ལ་གདམས་ཏེ།
་་་་་མར་པ་ལ་འཕགས་སྐོར་གྱི་རྒྱུད་འགྲེལ་པ་དང་རྒྱུད་རྐྱང་བཤད་རྒྱུད་ལྔ་གཞུང་ཕྲན་དང་བཅས་པ་དང༌། ཡེ་ཤེས་ཞབས་ལུགས་སོགས་རྒྱ་གར་ནས་འགྲེལ་པ་ཉེར་གསུམ། ཇོ་བོས་ཉེར་ལྔ་ཙམ་ཡང་གསན་པར་གྲགས། བོད་ན་འགྲེལ་པ་བདུན་ཟེར་ཡང་མང་དུ་སྣང༌། མར་པ་ལ། ཛ་ཡ་ན། ཐ་ག་ན། སྙིམ་ཏོག་གསུམ་ཡོད། ལོ་ཙཱ་བ་འདིས་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ་ལན་བདུན་བྱོན། ཤར་ནུབ་ལྷོ་བྱང་ཁ་ཆེ་བལ་པོའི་པཎྜི་ཏ་དང་ཀུ་ས་ལིར་གྲགས་ཚད་ལ་བླ་མ་བརྒྱ་རྩ། བརྒྱུད་པ་འཛིན་ངེས་ལྔ་བཅུ་རྩ་བརྒྱད། སྣང་བ་འགྱུར་ངེས་བཅུ་གསུམ། འདུས་པ་ལ་མཁས་པའི་བླ་མ་བདུན་དང་བཅས་ཡོད་པའི་ནང་གི་ཡེ་ཤེས་སྙིང་པོ་འདི་དབང་བརྒྱུད་མན་ངག་གདམས་པའི་བཀའ་ཐམས་ཅད་བབས་པའི་གཙོ་བོར་འཛིན་ནོ། །
བུ་བཞིའི་ནང་ཚན་མཚུར་དབང་གི་རྡོ་རྗེ།
་་་་་གཞུང་གི་རྔོག་སྟོན་ཆོས་རྡོར་དོལ་གྱི་མཚུར་སྟོན་དབང་ངེ༌། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མིད་ལ་རས་པ།
འཁོན་སྟོན་གད་པ་ཀཱིརྟི། དེ་ལས་མི་ཉག་ཐུར་ལྭ་བ་ཚུལ་ཁྲིམས་སྐྱབས། དབུས་པ་འགར་དགེགྲུབ་ཐོབ་ཞང་ཞུང་པ་སྟེ་ཐུགས་སྲས་གསུམ་གྱིས་གསན། གསུམ་ག་ལས་གངས་པར་སེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས།
་་་་་བཙོང་ཁ་པ། མཁྱེན་བརྩེ། ཐར་རྩེ། སྒྲུབ་ཁང་པ་བཞིའི་གསན་ཡིག་ན་འདི་བཞིན་བྱུང་ཡང་ཀུན་མཁྱེན་བུའི་གསན་ཡིག་ན་གླིང་པ་ཚུལ་