R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 475
[A:475]ཁྲིམས་མཛེས་ཟུར་དུ་མཛད་འདུག་པ་བརྟག་ཅེས་ལྔ་པ་ཆེན་པོ་གསུང་ངོ༌། །
བླ་མ་རྒྱ་རྣལ་འབྱོར་ཕོ་བ་ལུང་པ། དགེ་སློང་ཆོས་གྲགས་དཔལ་བཟང་པོ། བླ་མ་ཤཱཀྱ་གཞོན་ནུ། བླ་མ་བློ་ལྡན་པ། བླ་མ་འཕགས་འོད་མན་སྔར་ལྟར་རོ། །ཡང་ན་འཁོན་གད་པ་ཀཱིརྟི་ནས། འགར་སྟོན་པ། གཉན་རྩེ་བ། གོ་ལུང་པ་ཡེ་རྒྱལ། རོང་སྟོན་མཁན་པོ། ཕུག་རི་བ་བྱང་ཆུབ་གཟུངས། ཤོང་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེས་རབ་རྡོ་རྗེ་མན་འདྲ། ཡང་ན་ལོ་མཆོག་པ་ནས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། རྗེ་ཐོག་སྟོན་པ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་མན་འདྲའོ། །བཀའ་བབས་བཞི་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེ་བ། སློབ་དཔོན་ནཱ་ག་ཛོ་ཀི་བྲམ་ཟེས་ཧ་ར། སློབ་དཔོན་ཀླུ་སྒྲུབ། ཟླ་བ་གྲགས་པ། ཀུ་ས་ལི་ཆེ་ཆུང༌། ཇོ་བོ་ཆེན་པོ་དཱི་པཾ་ཀ་ར། རོང་པ་འགར་དགེལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ།
་་་་་སྔགས་པ་གོས་དཀར་ལྕང་ལོ་ཅན།
དེ་སྲས་ཆེ་བ་ཤེས་རབ་རྒྱལ་པོ། ཆུང་བ་ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ་དྷརྨ་ཙཀྲ། ཐང་སྟོད་ཆོས་ཀྱི་འོད། བླ་ཆེན་ཀློག་སྐྱ་གྲགས་པ་བཟང་པོ། བླ་མ་བསོད་ནམས་རྒྱལ་མཚན།
་་་་་ཀུན་མཁྱེན་བུ་དང་སྔགས་རམས་པའི་གསན་ཡིག་ན་འདི་ལྟར་སྣང༌། ཐར་རྩེ་པ་དང་སྒྲུབ་ཁང་པའི་གསན་ཡིག་ན་ཤེས་རབ་རྒྱལ་མཚན་ཟེར་བ་འདུག་པ་དཔྱད།
བླ་མ་ཀུན་དགའ་རྒྱལ་མཚན། དཔལ་ལྡན་གྲགས་པ་དཔལ། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོས་གསན་པ་མན་འདྲའོ།
་་་་་བུ་ཐར་རྩེ་སྒྲུབ་ཁང་ཤར་པ་བཞིའི་གསན་ཡིག་ན་བླ་མ་སྒོམ་ཡེ་ཟེར་བ་ཞིག་འདུག་ཀྱང་དེའི་བརྒྱུད་པ་གོང་མ་ཚིགས་བཅད་ཀྱི་སྟབས་ནས་མི་གསལ་ལོ།
། བཀའ་བབས་ལྔ་པ་ཆག་