R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 477
[A:477]བ། དབུས་པ་དགེ་སེར། བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། གནམ་ཁའུ་པ་རྡོ་རྗེ་བདུད་འཇོམས། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རི་ཁྲོད་པ་བློ་གྲོས་བརྟན་པ། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་གོང་བཞིན་ནོ། །ས་ལུགས་བརྒྱུད་པ་ཕྱི་མ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། མགོན་པོ་ཀླུ་སྒྲུབ། ཨཱརྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས་པ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། ས་སྐྱ་པཎྜི་ཏ། འོད་ཟེར་ཤཱཀྱ། ཁའུ་པ་དར་མ་ཤེས་རབ། སེ་མོ་ར་པ་རིན་ཆེན་དཔལ། བླ་མ་ར་གཉིས་པ་རྒྱལ་མཚན་རིན་ཆེན། སྤྲོ་ལུང་ནགས་ཕུག་པ་ཀུན་སྨོན། བླ་མ་གྲགས་ཆེན་པ། ཆོས་རྗེ་འཕགས་འོད་མན་འདྲ། ཡང་ན་ས་པཎ་ནས། འཕགས་པ་རིན་པོ་ཆེ། ཤོང་བློ་གྲོས་བརྟན་པ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་སེང༌། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་མན་སྔར་བཞིན་ནོ། །ཡང་ན་རྡོ་རྗེ་འཆང༌།
་་་་་སྔགས་རམས་པའི་གསན་ཡིག་ན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་མཐུན་པའི་བརྒྱུད་པར་མཛད། ཤར་པའི་གསན་ཡིག་ན་དབང་བཀའ་གསར་མའི་ཉེ་བརྒྱུད་དུ་ངོས་འཛིན།
ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། འཕགས་པ་ལྷ། མ་ཏངྒི་པ། སྒྲ་གཅན་འཛིན་དཔལ་བཤེས་