R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 478
[A:478]གཉེན། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། ས་པཎྜི་ཏ་མན་འདྲ། ཇོ་བོ་ལུགས་ཀྱི་དབང་གི་མཇུག་ན་དཔྱལ་ཨ་མོ་གྷས་སྦྱར་བའི་བུམ་དབང་ཆོ་གའི་དབང་བཀའ་འདི་དཀྱིལ་ཆོག་དཔྱལ་བའི་དཔེ་སྟེང་ནས་བྱས་པ་ཡིན་གྱི། དབང་བཀའ་ཇོ་བོའི་བར་མ་ཆད་པ་ཡིན་ནོ་ཞེས་འབྱུང་ངོ༌། །བཀའ་བབས་བདུན་པ་དཔྱལ་ལུགས་ཀྱི་དབང་གི་བརྒྱུད་པ་ནི་ཇོ་བོ་དང་འདྲའོ་ཞེས་ཟེར་བ་བུ་སྟོན་རིན་པོ་ཆེའི་གསན་ཡིག་ན་སྣང་ཡང༌། དཔྱལ་ལོ་ཙཱ་བས་ཁ་ཆེ་པཎ་ཆེན་ལས་གསན་པར་སྣང་བས། ཁ་ཆེ་པཎ་ཆེན་ཡན་ས་ལུགས་དང་འདྲ་བ་ལས། དེ་ནས་དཔྱལ་ཆོས་ཀྱི་བཟང་པོ། རྗེ་བཙུན་རྒྭ་ལོ། བླ་མ་དཔལ་གྱི་རྒྱལ་མཚན། བླ་མ་དོན་རི་གྲགས་ཆེན། ཀུན་མཁྱེན་འཕགས་འོད། བུ་སྟོན་མན་འདྲ། ཡང་ན་འགོས་ལོ་ཙཱ་བ་ནས། མང་ར་བ་སེང་གེ་རྒྱལ་མཚན། མགོ་པ་དྷརྨ་ཙཀྲ། སྟག་པ་ཇོ་བཟང༌། དཔྱལ་ཆོས་བཟང་མན་འདྲ། ཡང་ན་དཔྱལ་ཆོས་བཟང་ནས།
་་་་་བོད་བཙུན།
ཀློག་སྐྱ་བ་གྲགས་པ་དཔལ། ཀློག་སྐྱ་བསོད་ནམས་རྒྱལ་མཚན། བླ་མ་ཀུན་དགའ་རྒྱལ་མཚན། བླ་མ་གྲགས་པ་དཔལ། འཕགས་འོད་མན་འདྲ། ཡང་ན་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྡོ་རྗེ་ཆོས། ཨིནྡྲ་བྷཱུ་ཏི། པདྨའི་ཞབས། རྟ་མཆོགས་ར་ཧ། ཀླུ་སྒྲུབ། ཀླུ་བྱང༌། བལ་པོ་ཕྱག་རྡོར། རཏྣ་ཨཱ་ཀ་ར་ཤཱནྟི་པ་ཤྲཱི་ཀཱིརྟི། ཤྲཱི་ལེགས་སྨིན། ཤྲཱི་ཀུ་མཱ་ར་ཤ་ན། བི་ནཱ་ཡ་ཀརཏྣ་བཛྲ། ཞྭ་ལུ་ལོ་ཙཱ་བ་ཆོས་ཀྱི་བརྩོན་འགྲུས། ཤེ་སྟོན་མར་ལམ། ཇོ་སྟོན་དཀོན་སེང༌། ཀུན་མཁྱེན་ཆོས་འོད། སྲི་ཆུང་བ་ལྕེ་བློ་ལྡན། འཕགས་འོད་མན་འདྲ། ཡང་ན་ཤེ་སྟོན་ནས། ཡ་སྟོད་ཚུལ་བཟང༌། དཔྱལ་ཉི་