R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 483
[A:483]ཤིས་ལྷུན་གྲུབ་ནས།
རྨ་ཧོ་པ་དྷྱཱ་ཡ་མཉྫུ་གྷོ་ཥ་བུདྡྷ་ཤྲཱི་བྷ་དྲཿ།
་་་་་མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌།
ཏེ་ན་མེ་པྲ་ད་ཏ་དཿ།
་་་་་དེས་བདག་ལ་སྩལ་ཏོ།
། ཡང་ན་འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད། ཐ་ག་ན། བྷུ་ཤ་ན་པ། ངག་དབང་གྲགས་པ། བྷི་མ་ཤཱནྟི། བྷིཾ་ག་ར་པཱ་ད། ཤྲདྡྷ་ཀ་ར་ཝརྨ། ལོ་ཙཱ་བ་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། གཅུང་པོ་ཞང་ཁྲ། གཉལ་པ་སྐྱོགས་སྟོན། ཁུན་ཙི་གཞོན་ནུ་རིན་ཆེན། གཙང་རོང་པ་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་འབར། གཡག་སྡེ་བ་དབང་ཕྱུག་རིན་ཆེན། ཁམས་སྟོན་ཤཱཀྱ་རྡོ་རྗེ་མན་འདྲའོ། །བཀའ་བབས་གཉིས་པ་ས་ལུགས་ཀྱི་བརྒྱུད་པ་ནི། འཇམ་དཔལ་རྡོ་རྗེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། པཎ་གྲུབ་མར་མེ་མཛད་དཔལ་བཟང་པོ། དཔལ་བདེ་བའི་ཞབས། བི་མ་ལ་གུཔྟ། རཏྣ་བཛྲ། རཏྣ་ཀཱིརྟི། རི་སུལ་གྱི་རྣལ་འབྱོར་མ། བླ་མ་བནྡྷ་པ། གཉན་ལོ་ཙཱ་བ་དར་མ་གྲགས། བླ་མ་གནམ་ཁའུ་པ་དར་མ་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། ཁམས་པ་རྡོ་རྗེ་དཔལ། སྤང་སྒང་པ་གྲགས་པ་དཔལ། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲའོ། །བཀའ་བབས་གསུམ་པ་ཁ་ཆེ་ལུགས་