R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 484
[A:484]ཀྱི་བརྒྱུད་པ་ནི། འཇམ་དཔལ་དབྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་ནས་རིམ་པར་བརྒྱུད་དེ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། ཁ་ཆེ་ག་ག་དྷ་ར། པཎྜི་ཏ་བི་ན་ཤྲཱི། དེ་ལ་གོ་པཱ་ལའི་ཕོ་བྲང་དུ་ཁམས་པ་རྡོ་རྗེ་དཔལ་གྱིས་ཞུས། དེ་ནས་ཀཱིརྟཱི་ཤྲཱི། ཀུན་མཁྱེན་གངས་ཁྲོད་པ་མན་ས་ལུགས་དང་འདྲའོ། །བཀའ་བབས་བཞི་པ་གཉོས་ལུགས་ཀྱི་བརྒྱུད་པ་ནི། བི་མ་ལ་གུཔྟ་ཡན་གོང་ས་ལུགས་ལྟར་ལས། དེ་ནས་ཡི་གེའི་རྣལ་འབྱོར་རཏྣ་ཤྲཱི། ཁ་ཆེ་ཛྙཱ་ན་ཤྲཱི། བ་ལིནྟ་ཨཱ་ཙཱརྻ། ཁ་རེག་
་་་་་དེའི་དབོན་ཡིན།
གི་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། དེ་སྲས་གཉོས་རྡོ་རྗེ་བླ་མ། གཉོས་དཔལ་ལེ། གཉོས་གྲགས་པ་དཔལ། གཉོས་གཟི་བརྗིད་དཔལ།
་་་་་སངས་རྒྱས་རས་ཆེན། རྒྱལ་བ་ལྷ་སྣང༌། རྩ་རི་རས་ཆེན། དཔྱལ་ཁ་ཆོས་རྗེ་ཞེས་པ་རྣམས་མཚན་གྱི་རྣམ་གྲངས་ཡིན།
སྟོན་མོ་ལུང་པ་ཡེ་ཤེས་མཁར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་མན་འདྲའོ། །ཡང་ན་གཉོས་རྡོ་རྗེ་བླ་མ་ནས། གཉོས་སྟོན་གྲགས་པ་དཔལ། གཉོས་ལྷ་སྣང་བ། རིན་པོ་ཆེ་དོ་པ། མདོག་སྟོད་གསེར་མ། གླས་པ་དཔོན་རྡོ་རྗེ་ཚུལ་ཁྲིམས། གཡས་རུ་བ་རྔོས་སྟོན་རིན་ཆེན་རྒྱལ་མཚན། སྤང་ཁང་པ་གྲགས་པ་དཔལ། ཀུན་མཁྱེན་གངས་པ། ས་བཟང་མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲའོ། །བཀའ་བབས་ལྔ་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། འཇམ་དཔལ་དབྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཨ་ནནྡ་གརྦྷ། ཐ་ག་ན། རིན་