R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 485
[A:485]ཆེན་འབྱུང་གནས་ཞི་བ།
་་་་་བར་འདིར་ཇོ་བོ་ཆེན་པོ་མར་མེ་མཛད་ཅེས་རྒྱལ་དབང་ལྔ་པ་སོགས་ཀྱི་གསན་ཡིག་ན་བྱུང་ཡང་སྔོན་མ་འདི་ཡེ་ཤེས་ཞབས་པའི་དངོས་སློབ་ཀྱི་ཇོ་བོ་རྗེ་ཡིན་དགོས་ཀྱི། འདིར་འོང་དོན་མེད་པས་ཡིག་སྐྱོན་ཡིན་ནམ་བརྟག་་་་་
རྒྱ་ལྕགས་རི་གོང་ཁ་པ། རྫིང་བུ་ཁ་པ། སྤན་བུག་པ། ཞང་ཡེ་ཤེས། གཟི་བ་དོན་གྲུབ། བར་ཐང་པ་ཡབ་སྲས། བླ་མ་དར་མ་ཤཱཀྱ། བླ་ཆེན་བསོད་ནམས་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་ཁྱུང་པོ་ལྷས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་མན་འདྲའོ། །བཀའ་བབས་དྲུག་པ་རྭ་ལུགས་ཀྱི་བརྒྱུད་པ་ནི། འཇམ་དཔལ་དབྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པ། དཔལ་བདེ་བ། བི་མ་ལ་གུཔྟ། རཏྣ་བཛྲ། རིན་ཆེན་གྲགས་པ། ས་མནྟ་པྲ་བྷ།
་་་་་བྷ་དྲཿའང་བྱུང༌།
ཛྙཱ་ན་ཤྲཱི་མི་ཏྲ། རཏྣ་ཀཱིརྟི། པུཎྱེ་ཤྲཱི། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྡོ་རྗེ་སྲ་བརྟན་མན་འདྲའོ། །༈། ཀུན་མཁྱེན་བསོད་ནམས་སེང་གེ ས་མཛད་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་མངོན་དཀྱིལ་སོགས་དང༌། དེའི་མི་འདྲ་བའི་ཁྱད་པར་གྱི་ཡི་གེ་རྣམས་ཀྱི་སྟེང་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལེགས་པར་བཀྲལ་བའི་དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། འཕགས་པ་སྤྱན་རས་གཟིགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། འམ་པ་བྱང་ཆུབ་རྡོ་རྗེ། རྒྱ་ལྕགས་རི་གོང་པ། རྫིང་བུ་