R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 657
[A:657]དང་མཁས་གྲུབ་དཔལ་ལྡན་རྡོ་རྗེ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ཡོངས་འཛིན་དཀོན་མཆོག་འཕེལ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང་འཇམ་དབྱངས་ཤེས་རབ་རྒྱ་མཚོ་གཉིས་ཆར་ལས། མཁས་གྲུབ་དཔལ་རྡོར་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ དཀོན་མཆོག་ལྷུན་གྲུབ་གསུམ་ཆར་ལས། འཇམ་དབྱངས་སངས་རྒྱས་སེང་གེ ས་གསན། དེ་ལས་རྗེ་བཙུན་དཀོན་མཆོག་དཔལ་ལྡན་དང་རྗེ་ནམ་མཁའ་དཔལ་བཟང་གཉིས་ཀྱིས་གསན། ཡང་ན་རྗེ་སངས་རྒྱས་རིན་ཆེན། ལྷ་མཆོག་སེང་གེ དཀོན་མཆོག་ལྷུན་གྲུབ་གསུམ་ཆར་ལས་ཤར་ཁང་པ་ཤེས་རབ་རྒྱལ་མཚན་གྱིས་གསན། དེ་ལས་རྗེ་ནམ་མཁའ་དཔལ་བཟང་པས་གསན་ནོ། །ཡང་ན་སངས་རྒྱས་རིན་ཆེན་དང་ལྷ་མཆོག་པ་དང་དཀོན་མཆོག་ལྷུན་གྲུབ་གསུམ་ཆར་ལས། མུས་ཆེན་དཀོན་མཆོག་རྒྱ་མཚོས་གསན། དེ་ལས་རྗེ་དཀོན་མཆོག་དཔལ་ལྡན་གྱིས་སོ། །ཡང་ན་སེམས་དཔའ་ཆེན་པོ་དང་ཀུན་མཁྱེན་གཉིས་ཀ་ལས། རྗེ་བཙུན་སངས་རྒྱས་རིན་ཆེན། དེ་ལས་ས་ལོ་དང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན་པ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་ནས། མཁས་གྲུབ་དཔལ་ལྡན་རྡོ་རྗེ་མན་འདྲ། ཡང་ན་སེམས་དཔའ་ཆེན་པོ་ནས། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་སངས་རྒྱས་རིན་ཆེན་མན་འདྲ། ཡང་ན་རྒྱལ་ཚབ་ཀུན་དབང་ནས། མཁན་ཆེན་བསོད་ནམས་ལྷུན་གྲུབ། དེ་ལས་རྗེ་ས་ལོ་དང་དཀོན་མཆོག་ལྷུན་གྲུབ་ཀྱིས་གསན་པ་མན་འདྲ། ཡང་ན་ས་སྐྱ་པཎྜི་ཏ་ནས། ཚོགས་སྒོམ་པ་ཀུན་དགའ་དཔལ། ཉན་