R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 658
[A:658]ཆེན་བསོད་ནམས་བརྟན་པ། བྲག་ཕུག་པ་བསོད་ནམས་དཔལ་མན་འདྲ། ཡང་ན་ཉན་ཆེན་བསོད་ནམས་བརྟན་པ་ནས། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་བྲག་ཕུག་པ་བསོད་ནམས་དཔལ་ནས། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་ཀུན་མཁྱེན་རིན་པོ་ཆེ་ནས། པཎ་ཆེན་དབང་ཕྱུག་གྲུབ་པ། བདག་ཆེན་ངག་གི་དབང་ཕྱུག འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་རྗེ་དཀོན་མཆོག་འཕེལ་ནས། བདག་ཆེན་ངག་གི་དབང་ཕྱུག་མན་འདྲ། ཡང་ན་ས་ལོ་ཙཱ་བ་ནས་ངག་གི་དབང་ཕྱུག་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན་ནས། འཇམ་དབྱངས་ནམ་མཁའ་དབང་ཕྱུག དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་རྗེ་དཀོན་མཆོག་རྒྱ་མཚོ་ནས། རྗེ་བཙུན་བྱམས་པ་རབ་བརྟན། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་མན་འདྲ། ཡང་ན་ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེ་དང༌། ཀོང་སྟོན་དབང་ཕྱུག་གྲུབ་པ་གཉིས་ཆར་ལས། འཇམ་དབྱངས་ཆོས་གྲགས་རྒྱ་མཚོས་གསན། ཕྱི་མ་གསུམ་ཆར་ལས་མཁས་གྲུབ་བློ་གྲོས་རབ་ཡངས་དང༌། མཁས་མཆོག་བཀྲ་ཤིས་བརྟན་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་བློ་གྲོས་འབྱུང་གནས་ཀྱིས་གསན། དེ་ལས་རྗེ་བྱམས་པ་རབ་བརྟན་པས་སོ། །ཡང་ན་ཀུན་མཁྱེན་རིན་པོ་ཆེ། ལུམ་པ་གྲགས་འབྱོར་ཤེས་རབ། རྗེ་བློ་གྲོས་འབྱུང་གནས་མན་འདྲའོ། །ཡང་ན་ས་ལོ་ཙཱ་བ་དང་རྗེ་དཀོན་མཆོག་ལྷུན་གྲུབ་གཉིས་ལས་སྔགས་འཆང་ཀུན་དགའ་རིན་ཆེན་པས་གསན། སྔགས་འཆང་རིན་པོ་ཆེ་དང་འཇམ་དབྱངས་དཀོན་