R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 664
[A:664]སོགས་སྔར་དང་འདྲའོ། །ཡང་ན་འཇམ་དབྱངས་དཀོན་མཆོག་བཟང་པོ་ནས། བདག་ཆེན་རྒྱ་གར་བ་མན་སྔར་བཞིན་ནོ། །ཡང་ན་སངས་རྒྱས་སེང་གེ་དང༌། བྲང་ཏི་པ་ནམ་མཁའ་དཔལ་བཟང་གཉིས་ལས། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེ་དབོན་རྗེ་བཙུན་ཤེས་རབ་འབྱུང་གནས་མན་སྔར་དང་འདྲ། ཡང་ན་སངས་རྒྱས་སེང་གེ་ནས། དཀོན་མཆོག་དཔལ་ལྡན། ཤར་ཆེན་པ་མན་གོང་ལྟར། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཤར་པ་ཀུན་བཀྲས་པ་མན་འདྲ། ཡང་ན་ཐར་རྩེ་པ་ནས། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་པ་ཤེས་རབ་འབྱུང་གནས་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་དཔལ་ལྡན། རྩེ་གདོང་ཁྲི་ཆེན་མན་འདྲ། ཡང་ན་བདག་ཆེན་ངག་གི་དབང་ཕྱུག་ནས། མཁན་ཆེན་བྱམས་པ་རབ་བརྟན། རྩེ་གདོང་ཁྲི་ཆེན་མན་འདྲའོ། །ཞེས་གསན་ཡིག་འགའ་ཞིག་ཏུ་འདི་ལྟར་བྱུང་ཡང་རྒྱུ་དབང་གི་བརྒྱུད་པ་ལའང་ལམ་འབྲས་ཀྱི་བརྒྱུད་པ་འདྲེས་པའང་འབྱུང་བ་སོགས་ཞིབ་པར་གོང་མ་སོ་སོའི་རྣམ་པར་ཐར་པ་ལ་ལེགས་པར་དཔྱད་པས་རྟོགས་པར་འགྱུར་རོ། །ཨཥྚའི་བཟླས་ལུང་གི་བརྒྱུད་པ་ངོར་ལུགས་ནི། ཆོས་རྗེ་རྡོ་རྗེ་འཆང་ཡན་ལམ་འབྲས་ལྟར་ལ། དེ་ནས་མུས་ཆེན་སེམས་དཔའ་ཆེན་པོ། མུས་ཆེན་སངས་རྒྱས་རིན་ཆེན། ཡོངས་འཛིན་དཀོན་མཆོག་འཕེལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། དེ་དབོན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། དེ་གཉིས་