R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 666
[A:666]དམ་པ་བསོད་ནམས་རྒྱལ་མཚན་དང་རི་ཁྲོད་པ་བློ་བརྟན་གཉིས་ཀྱིས་གསན། གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཆོས་རྗེ་ཤར་པ་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ངོར་ཆེན་རྡོ་རྗེ་འཆང་གིས་གསན། དེ་ནས་སེམས་དཔའ་ཆེན་པོས་གསན། གཉིས་ཀ་ལས་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་དང་ཀུན་མཁྱེན་བསོད་ནམས་སེང་གེ་གཉིས་ཀྱིས་གསན། གཉིས་ཀ་ལས་འདྲེན་མཆོག་རཏྣ་ཝརྡྷ། ས་ལོ་ཐམས་ཅད་མཁྱེན་པ། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། དྲིན་ཆེན་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། དེ་ལས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བས་ལེགས་པར་མནོས་སོ། །ཡང་ན་མངོན་པ་བ། འཕགས་པ་རིན་པོ་ཆེ། སྒང་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ། དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲ། ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་ནས། རྗེ་ལྷ་མཆོག་སེང་གེ དེ་གཉིས་ཀ་ལས་རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཨ་མི་ལགས་སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་ནས། རྗེ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ་མན་འདྲ། ཡང་ན་ཚར་ཆེན་ནས་བརྒྱུད་པ་ངག་དབང་ཆོས་གྲགས་ལས། ཨ་མི་ལགས་ཀྱིས་གསན་