R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 673
[A:673]གྲུབ། དེས་བདག་ལའོ། །རྗེ་བཙུན་རྡོ་རྗེ་བདག་མེད་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི། ཤར་ཆེན་ཤེས་རབ་འབྱུང་གནས་ཡན་སྔར་བཞིན་ལས། དེ་ནས་མཁན་ཆེན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསོད་ནམས་དཔལ་ལྡན། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་དུ་བསྒོམ་པའི་ཁྲིད་དང་བྱིན་རླབས་བཅས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྣལ་འབྱོར་དབང་ཕྱུག་བིརྺ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བྲག་ཕུག་པ་བསོད་ནམས་དཔལ། དེ་ལས་རི་ཁྲོད་པ་བློ་གྲོས་བརྟན་པ་དང་བླ་མ་དམ་པ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཤར་པ་ཡེ་ཤེས་རྒྱལ་མཚན་དང་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གསན། དེ་ལས་སེམས་དཔའ་ཆེན་པོ། དེ་གཉིས་ཀ་ལས་རྒྱལ་ཚབ་དམ་པ་ཀུན་དབང་དང་ཀུན་མཁྱེན་བསོད་ནམས་སེང་གེ་གཉིས་ཀྱིས་གསན། ཕྱི་མ་གསུམ་ཆར་ལས་རྗེ་དཀོན་མཆོག་འཕེལ་གྱིས་གསན། སེམས་དཔའ་ཆེན་པོ་ལས་གྲུབ་ཆེན་དཀོན་མཆོག་བློ་གྲོས་ཀྱིས་གསན། སེམས་དཔའ་ཆེན་པོ་དང༌། ཀུན་མཁྱེན་དང༌། གྲུབ་ཆེན་གསུམ་ཆར་ལས་སངས་རྒྱས་རིན་ཆེན་པས་གསན། ཕྱི་མ་