R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 675
[A:675]ཆེན་གྱིས་ལན་གསུམ་བར་དུ་ལེགས་པར་ནོས་སོ། །ཡང་ན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་སོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། ཤེས་བྱ་བཟང་པོ་དང་རྗེ་བསོད་ནམས་དཔལ་ལྡན་གཉིས་ཀྱིས་གསན། དེ་གཉི་ག་ལས་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་སངས་རྒྱས་ཕུན་ཚོགས་ནས། བྱམས་པ་ཚུལ་ཁྲིམས་དཔལ་བཟང་དང༌། མཚུངས་མེད་བསོད་ནམས་དཔལ་ལྡན་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་བྱམས་པ་བསོད་ནམས་བཟང་པོ་དང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་གཉིས་ཀྱིས་གསན། ཕྱི་མ་དེ་ལས་བདག་གིས་ཐོབ་བོ། །ཡང་ན་རྗེ་བསོད་ནམས་བཟང་པོ་དང་བཀྲ་ཤིས་ལྷུན་གྲུབ་གཉིས་ཀ་ལས། མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་དཔལ་བཟང༌། དེ་ལས་བདག་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་ཐོབ་བོ། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ནང་མའི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། རྣལ་འབྱོར་དབང་ཕྱུག་བིརྺ་པ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་