R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 691
[A:691]འཁོར་བ་ལུ་གུ་རྒྱུད་དུ་གཅོད་པའི་གདམས་པ་ནག་པོ་པའི་གསུང་བཞིན་རྗེ་བཙུན་ཆེན་པོས་མཛད་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། ལྷ་དབང་ཕྱུག་ཆེན་པོ། ནག་པོ་
་་་་་འཆི་བ་མེད་པ།
ཨུ་ཙི་ཏ། གྲུབ་ཆེན་ནག་པོ་སྤྱོད་པ། སློབ་དཔོན་དཔལ་འཛིན།
་་་་་སངས་རྒྱས་ཕུན་ཚོགས་པའི་དེར་བྲམ་ཟེ་རིན་ཆེན་ཞེས་བྱུང༌།
པཎྜི་ཏ་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་མན་སྔར་དང་འདྲའོ། །མི་དབང་ཨིནྡྲ་བྷཱུ་ཏིས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་ལ་བརྟེན་ནས་དབང་ཡོན་ཏན་གྱི་རིམ་པ་མཛད། དེ་ཉམས་སུ་ལེན་པ་ལ་ཕྱག་རྒྱ་བཞི་རྫོགས་ཀྱི་ལམ་མ་གོར། ལྷས་བྱིན་གྱིས་ནི་རྟ་བྱས་ལ། ཞེས་པ་དང༌། ལོ་རྒྱུས་དང་བཅས་པ་བསྟན་ཟིན་ཏོའི་མཐའ་ཅན་རྒྱ་གཞུང་མའི་བརྒྱུད་པ་ནི། དང་པོ་དཔལ་སྡེའི་ཞལ་སྔ་ནས། །དེ་བཞིན་དུ་ཡང་ཚངས་པ་དང༌། །བྲམ་ཟེ་མོ་ནི་རྡོ་རྗེ་གྲུབ། །ཤྲཱི་བཛྲ་རྡོ་རྗེ་རྒྱལ། །དེ་ཡི་སློབ་དཔོན་དེའི་ཕྱི་མ། །གོས་བྲལ་ཞལ་སྔ་དེ་བཞིན་ནོ། །དཔལ་ལྡན་ཛྙཱ་ན་བོ་དྷི་རྒྱལ། །དེ་བཞིན་ཤྲཱི་ཡོ་བོ་དྷི་དང༌། །སློབ་དཔོན་པདྨ་བཛྲ་དང༌། །ཌོམྦི་ཞལ་སྔ་དེ་བཞིན་ནོ། །ཡན་ལག་བར་པ་དཔལ་ལྷ་མོ། །བུང་བའི་པདྨ་དེ་བཞིན་ནོ། །དུར་ཁྲོད་དུ་ན་ཀཱི་ལར་བཞུགས། །ལྷ་ལྕམ་ལེགས་སྨིན་དེ་བཞིན་ནོ། །བདག་ཀྱང་དང་པོ་གྲུབ་པ་ཡིན། །ཞེས་པ་ལྟར། ཀུན་མཁྱེན་རྡོ་རྗེ་འཆང་ཆེན་པོ། ཨིནྡྲ་བྷཱུ་ཏི་ཆེ་བ།
་་་་་རྗེ་མཁྱེན་བརྩེའི་གསན་ཡིག་ན་དཔལ་བདེ་བ་ཞེས་བྱུང་བ་ཚིགས་བཅད་ལྟར་ན་དཔལ་བདེ་བ་དང་ཨིནྡྲ་བྷཱུ་ཏི་ཆེ་བ་གཉིས་གཅིག་པ་འདྲ།
བྲཧྨ་པཱ་ད།
་་་་་ཚངས་པའི་ཞབས་ཞེས་བསྒྱུར།
བྲམ་ཟེ་མོ་གྲུབ་པའི་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བར་པ། སློབ་དཔོན་ཨུ་པ་མའི་ཞབས། ནི་ཨུཏྟ་པཱ་ད།
་་་་་རྡོ་རྗེ་གདན་པའི་གསན་ཡིག་ན་