R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 690
[A:690]ཀ་ལས་ཇོ་བོ་ཨ་མོ་གྷ་བཛྲས་གསན། དེ་ལས་བླ་ཆེན་འབྲོག་མིས་གསན་པ་མན་གོང་ལྟར་རོ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པ་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་མཛད། དེ་ཉམས་སུ་ལེན་པ་ལ་མཆོད་རྟེན་གྱི་དྲུང་དུ་སེམས་ཐག་བཅད་པའི་གདམས་པའི་གསལ་བྱེད་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཨཱརྻ་དེ་ཝ། དགེ་སློང་ནག་པོའི་ཞབས། སློབ་དཔོན་ཙནྡྲ་ཀཱིརྟི། རྡོ་རྗེ་གདན་པ་དང་ཐར་རྩེ་པའི་གསན་ཡིག་ན་ཟླ་བ་གྲགས་པ་ཞེས་བསྒྱུར། བྲམ་ཟེ་དཔལ་འཛིན། དཔའ་བོ་རྡོ་རྗེ།
་་་་་གོང་དཀར་བའི་གསན་ཡིག་ན་ག་ཡ་དྷ་ར་ཟེར་བ་འདུག་པ་བླ་ཆེན་གྱིས་རྒྱ་གར་དུ་དཔའ་བོ་རྡོ་རྗེ་དང་བོད་དུ་ག་ཡ་དྷ་ར་ལས་གསན་པའི་ཁུངས་མཛད་འདུག
འབྲོག་མི་མན་གོང་བཞིན་ནོ། །སློབ་དཔོན་ནག་པོ་སྤྱོད་པས་སམྤུ་ཊ་དང་སྡོམ་འབྱུང་ལ་སོགས་པ་བདེ་མཆོག་གི་རྒྱུད་ལ་བརྟེན་ནས་ནག་པོ་པའི་ཆོས་དྲུག་མཛད། དེ་དག་གི་ནང་ནས་ཨོ་ལ་པ་ཏི་མངོན་པར་རྟོགས་པའི་སྡོམ་གྱི་ཉམས་ལེན་གསལ་བྱེད་རྗེ་བཙུན་ཆེན་པོ་གྲགས་པས་མཛད་པའི་གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། ཀུརྨྨཱ་པཱ་ད།
་་་་་ཐར་རྩེ་པའི་དེར་རུས་སྦལ་ཞབས་སུ་བསྒྱུར།
ཛ་ལནྡྷ་ར།
་་་་་རྡོ་རྗེ་གདན་པའི་དེར་འདིས་རྡོ་རྗེ་རྣལ་འབྱོར་མར་གསན་ཞེས་སྣང༌།
ཀཧྣ་པ།
་་་་་ཐར་རྩེ་བའི་དེར་ནག་པོ་སྤྱོད་པ་རོ་ལ་ཞོན་པ་ཞེས་བྱུང༌།
བྲམ་ཟེ་དཔལ་འཛིན། པཎྜི་ཏ་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་མན་གོང་དང་འདྲའོ། །སློབ་དཔོན་ཨུ་ཙི་ཏ་འཆི་བ་མེད་པས་དཔྱིད་ཀྱི་ཐིག་ལེའི་རྩ་བའི་སྡོམ་ཉམས་སུ་ལེན་པ་ལ་ཡོན་པོ་བསྲང་བ་