R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 131
[A:131]འབྱོར་དབང་ཕྱུག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་ལག་ཁྲིད་དུ་བསྟན་པའི་དུས་ཡི་གེ ར་གསལ་པོར་བྲིས་ཞེས་བསྐུལ་བ་ལ་བརྟེན་ནས་རྫོགས་རིམ་ཞལ་ཤེས་དང་བཅས་པ་༼མཆོད་རྟེན༽༼རྡོ་རྗེ༽སྙན་ནས་སྙན་དུ་བརྒྱུད་པའི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་མན་ངག་ཆུ་ཕོ་ཁྱི་ལོ་ཧོར་ཟླ་དང་པོར་དཔལ་སྣེའུ་གདོང་རྩེའི་གཙུག་ལག་ཁང་དུ་མཛད་པ་རྣམས་སོ། །རྩ་བའི་གསུམ་པ་གསང་བ་ཐུན་མོང་མ་ཡིན་པ་ཟབ་པའི་གནད་ཀྱི་མན་ངག་གི་སྐོར་ལ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་དཀར་ཆག་སྙིང་པོ་གནད་སྒྲོན་ལས། གསང་བ་ཐུན་མོང་མ་ཡིན་པའི། །ཡི་གེ་གསེར་གྱི་རི་བོའི་གྲངས། །ཞེས་ཡིག་སྣ་བརྒྱ་དང་ལྔ་བཅུའི་གྲངས་སུ་འདྲེན་རྒྱུའི་བདུན་གྱི་གཏོར་མའི་ཞལ་གདམས་གཉིས་གཅིག་ཏུ་བརྩིས་ཤིང་དེ་མིན་དྲུག་ལས་དཀར་ཆག་ཡོངས་གྲགས་ལྟར་དང༌། གཞན་གསང་བ་ཡང་ཏིག་སེམས་ཀྱི་གནད་ལ་བརྟེན་ནས་བྲན་བཞིན་བཀོལ་བའི་མན་ངག་སོགས་ལྔ་ཀུན་ལ་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུ་ཡིན་པས་སྙན་བརྒྱུད་གླེགས་བམ་གྱི་གྲས་སུ་བཞུགས་པར་འོས་པའི་དགོངས་པ་ལྟར་ན། ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཅིག་དང༌། བདུན་པོ་འདིར་བསྡོམས་པས་ཡིག་སྣ་བརྒྱ་བཞི་བཅུ་རྩ་དགུར་འགྱུར་བ་དང༌། དེའི་སྟེང་དུ་གླེགས་བམ་གྱི་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་བང་མཛོད་ཀྱི་སྒོ་འབྱེད་གསལ་བའི་ཡིད་འཕྲོག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བགྲང་པས། ཚར་ཆེན་གྱིས། དྲིལ་བས་མགོན་པོད་མེ་འབར་མར། །གྲགས་པའི་དཀར་ཆག་ནང་བཞུགས་པའི། །ཡིག་སྣ་བརྒྱ་དང་བཞི་བཅུ་དགུ། །དཀར་ཆག་ཉིད་དང་ལྔ་