R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 134
[A:134]དབང་བཀྲ་ཤིས་ཀྱིས་མཚོན་པའི་དཔལ་ལྡན་ས་སྐྱ་པའི་བརྒྱུད་འཛིན་གྱི་བླ་མ་བཅུ་ཕྲག་གཅིག་དང་རྔོག་ཆེན་པོ་བསོད་ནམས་བསྟན་འཛིན་སོགས་དམ་པ་མང་པོར་ཚར་ཆེན་རང་ཉིད་ཀྱིས་གསན་པ་རྣམས་ཟུར་དུ་བསྒྲིགས་པའི་གླེགས་བམ་ལ། ཐུན་མོང་བ་མན་ངག་ཁ་སྐོང་པོ་ཏིའི་སྐོར། མཁས་གྲུབ་ཕལ་ཆེར་གྱིས་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་སྙིང་ཁྲག་གི་ཟུངས་ལྟ་བུ་སྙན་བརྒྱུད་པོ་ཏིའི་སྐོར། བླ་མ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་གྱི་ལྗང་པོ་ཏིའི་སྐོར། འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་སྐོར་དང་བཞི། དང་པོ་རྗེས་འཇུག་མཁས་གྲུབ་རྣམས་ཀྱི་ཡི་གེ་ཐུན་མོང་བ་མེ་འབར་མར་མ་འཁོད་པའི་ཁ་སྐོང་པོ་ཏི་ལ། ཐོག་མར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མན་ངག་ཟབ་བསྡུས་གསལ་བྱེད་ཁ་སྐོང་དཀར་ཆག་ཟབ་དོན་གསལ་བའི་སྒྲོན་མེ། དེ་ལས་བྱུང་བའི་ཆོས་སྐོར་ལ། པཎ་ཆེན་ག་ཡ་དྷ་ར་ནས་བླ་ཆེན་འབྲོག་མིར་བརྒྱུད་པ། བ་རི་ལོ་ཙཱ་བ་ལས་རྗེ་བཙུན་བརྩེ་བ་ཆེན་པོས་གསན་པ། ཁ་ཆེ་པཎ་ཆེན་གྱིས་ཆོས་རྗེ་པཎྜི་ཏ་ལ་གནང་བ། བླ་མ་མལ་ལོ་ཙཱ་བ་ནས་བརྒྱུད་པ་དང་བཞི། དང་པོ་ལ། འགོར་བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། རྗེ་བཙུན་ག་ཡ་དྷ་ར་ནས་བརྒྱུད་པའི་རྗེས་གནང་བྱ་ཚུལ་ནི་ཞེས་ཡོད་པའི་རྗེས་༼མཆོད་རྟེན༽༼སཏྭ༽གནང་གི་ཟིན་བྲིས་ཡིག་ཆུང་དམ་ཚིག་པ་བསྐྱེད་པའི་ཚེ་ས་བོན་ལས་བསྐྱེད་པ་ནི་གང་བྱས་ཀྱང་འདྲའོའི་མཐའ་ཅན། འགོར་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནག་པོའི་སྒྲུབ་ཐབས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་ཞེས་ཡོད་པའི་སྒྲུབ་ཐབས་༼མཆོད་