R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 403
[A:403]དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྡིང་བསྒོམ་པར་འདོད་པའི་ཞེས་པ་དང༌། རྡོ་རྗེ་ནམ་མཁའ་ལྡིང་གི་བསྟོད་པའོའི་མཐའ་ཅན། དུར་ཁྲོད་བདག་པོའི་སྒྲུབ་
༼༩༽
སྐོར་ཚིགས་བཅད་མ་
་་་་་འོན་ཀྱང་ཚིགས་བཅད་མ་འདི་བླ་མ་བཻ་རོ་ཙ་ནས་མཛད་པ་འཛིམ་ལོས་འགྱུར་བ་དེ་ངོས་འཛིན་དགོས་ཏེ། ས་ཆེན་གྱིས་མཛད་པ་ནི་དེའི་འགྲེལ་པ་ཚིག་ལྷུག་པ་བསྙེན་སྒྲུབ་ལས་ཚོགས་དང་བཅས་པ་འདི་ཡིན་པའི་ཤེས་བྱེད་ནི། སྔར་གྱི་ཚིགས་བཅད་མ་དེ་ལ་འདིར་འགྲེལ་པར་བྱས་པ་ལག་ཏུ་བླང་བའི་རིམ་པ་ཤིན་ཏུ་གསལ་བར་བཞུགས་པས་ཤེས་ཤིང༌། ད་ལྟར་དུར་ཁྲོད་བདག་པོའི་སྒྲུབ་སྐོར་རྒྱུད་གསང་བ་སྙིང་གི་འཁོར་ལོ་རྒྱ་གཞུང་བཻ་རོས་མཛད་པ་དང༌། རྗེ་ས་སྐྱ་པ་ཆེན་པོས་མཛད་པའི་སྒྲུབ་སྐོར་ལས་ཚོགས་ཐོར་བུར་བཅས་པ་དང༌། ཡར་ཀླུངས་པས་མཛད་པའི་ཡི་གེ་རྣམས་དང་བཅས་པ་ཐམས་ཅད་ཀྱི་ལུང་ཟུར་དུ་མཛད་པ་ནའང་བཞུགས་པས་ལུང་རྒྱུན་ཚང་བར་ཡོད་དོ། །
འདི་བཀའ་འབུམ་གྱི་དཔེ་སྔ་མ་འགར་བྲིས་འདུག་པ་ལྟར་དང༌། དེའི་འགྲེལ་པ་ས་སྐྱ་པ་ཆེན་པོས་མཛད་པ། འགོར་ཕྱག་འཚལ་དང༌། དཔལ་ལྡན་དུར་ཁྲོད་བདག་པོ་ཡི། །གདམས་པ་གཞུང་དང་མི་འགལ་བ། །ཞེས་ཡོད་པ། བདག་གཞན་བསྲུང་བའི་བསྙེན་པ། སྒྲུབ་པ། ལས་ལ་སྦྱར་བ་རྣམས་ཀྱི་ལག་ལེན་གསལ་བར་བཀོད་པ། འདི་ལ་མོས་ཤིང་སྒྲུབ་པ་རྣམས། །བར་ཆད་མེད་པར་དངོས་གྲུབ་ཀུན། །ཅི་འདོད་པ་ནི་གྲུབ་ནས་སུ། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག། དཔལ་དུར་ཁྲོད་བདག་པོའི་མན་ངག་ལག་ལེན་ས་མཱཔྟའི་མཐའ་ཅན། ལས་ཚོགས་དུམ་བུ་ལ་འགོར་ཡུལ་དུ་རིམས་ནད་བྱུང་བ་ལ་ཞེས་དང་དེས་ནི་མི་ཕྱུགས་ནད་རྣམས་ཁེགས་ཀྱི་མཐའ་ཅན། བསྙེན་པ་དང་སྒྲུབ་པའི་ཡིག་ཆུང༌། ཙཀྲའི་རབ་གནས། བསྲུང་བའི་མན་ངག་རྣམས་ཀྱི་ཡིག་ཆུང་