R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 425
[A:425]འཚལ་ལོ། །ཕྱག་འཚལ་སྒྲོལ་མ་ནི་ཞེས་ཡོད་པ། རྡོ་རྗེ་འཆང་གི་དཀར་ཆག་ན་འདི་རྗེ་བཙུན་གྱི་སྒྲོལ་བསྟོད་ལ་མཆན་མཛད་པ་དེ་གང་ཟག་རྗེས་མ་ཅིག་གིས་དཀྱུས་སུ་བཅུག་པ་སྣང་ངོ་གསུངས་པ་དེ་ཤིན་ཏུ་འབྲེལ་ཆེ་སྟེ་མཆན་དཀྱུས་སུ་སོང་ཚེ་ཚིག་གི་ཁྲིགས་གོང་འོག་ཅུང་ཟད་འཁྲུགས་པ་ལྟར་སྣང་ངོ༌། །གཉན་ལོ་ཙཱ་བའི་ལུགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ་ལས་ཚོགས་དང་བཅས་པའི་འགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཤེས་རབ་དངོས། །ཞེས་ཡོད་པ། གསོལ་འདེབས་མཎྜལ་བཞི་པ།
༼༩༽༼༢༤༽
ན་མོ་གུ་ར་ཝེ། སྲོད་དང་ཐོ་རངས་ལངས་པར་བྱས་ནས། །ཞེས་ཡོད་པ། རྗེ་བཙུན་པའི་རྣམ་ཐར་མནལ་ལམ་ཁམས་པ་
༼༩༽༼༢༤༽
སྦལ་སྟོན་གྱིས་བྲིས་པ་འགོར། ཨོཾ་སྭ་སྟི་སིདྡྷཾ། བླ་མ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས་ཞེས་པ་དང༌། རྗེ་བཙུན་ཆེན་པོའི་མནལ་ལམ་བྲིས་པའོའི་མཐའ་ཅན། རྡོ་རྗེ་འཆང་གི་དཀར་ཆག་ན་འདི་ཁམས་པ་སྦལ་སྟོན་གྱིས་བྲིས་པ་ཡིན་ནའང༌། རྗེ་བཙུན་གྱི་གསུང་ཇི་ལྟ་བ་བཞིན་ཡིན་པས་འདིར་བཞག་པ་ཡིན་གསུངས། གསང་སྔགས་ནང་གི་ལྷུང་བཟེད་རིན་པོ་ཆེའི་གཞལ་ཡས་ཁང་བརྟག་
༼༩༽༼༢༤༽
པ་འགོར། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་གཞལ་ཡས་ཁང་བརྟག་པ་ལ་ཞེས་ཡོད་པ། འདི་ཡང་རྗེ་བཙུན་གྱི་གསུང་ལས་ཇི་ལྟར་བྱུང་བཞིན་དུ་སྣ་རོའི་བནྡེས་བྲིས་པ་ཡིན་ནོ། །ག་རིང་རྒྱལ་པོ་ལ་རྩིས་བསྡུར་
༼༩༽༼༢༤༽
དུ་བཏང་བའི་ཡི་གེ་འགོར། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་སྐྱ་པའི་