R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 426
[A:426]བརྒྱུད་པ་ནི། ཞེས་ཡོད་པ། འདིར་ལམ་འབྲས་གླེགས་བམ་བཞུགས་པའི་ཆོས་ཚན་གྱི་རྐང་གྲངས་ནི་གོང་གསུང་ངག་རིན་པོ་ཆེའི་སྐབས་སུ་སྨོས་པ་ལྟར་རོ། །ངན་སོང་སྦྱོང་རྒྱུད་ཀྱི་
༼༩༽༼༢༤༽
སྤྱི་དོན་འགོར། སངས་རྒྱས་ཀུན་དངོས་ངོ་བོ་ཉིད། །ཅེས་ཡོད་པ། སྦྱོང་རྒྱུད་ཀྱི་ས་
༼༩༽༼༢༤༽
བཅད་འགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་འདི་ལ་དོན་བཞི་སྟེ། ཞེས་པ་དང༌། འདི་ནི་དཔལ་ལྡན་ས་སྐྱར་བྲིས་ཀྱི་མཐའ་ཅན། ཡོ་ག་རྡོ་རྗེ་འབྱུང་བའི་ཡིག་
༼༩༽༼༢༤༽
སྣ་འགོར། ཆོས་རྣམས་རང་བཞིན་མེད་གཟིགས་ཀྱང༌། །ཞེས་པ་ཅན། སྒྲུབ་ཐབས་བརྒྱ་རྩའི་གཞུང་སོ་སོའི་ཡིག་སྣ་འགོར། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཞེས་པ་ཅན། སྒྲུབ་ཐབས་ཀུན་གྱི་ཊཱིཀ་ཆུང་རེ་དང་བསྡུས་དོན་བཅས་
༼༩༽༼༢༤༽
འདི་རྡོ་རྗེ་འཆང་གི་དཀར་ཆག་ཏུ་འདིར་བཞག་འདུག དཀོན་མཆོག་ལྷུན་གྲུབ་པའི་སྒྲུབ་ཐབས་བརྒྱ་རྩའི་ཐོ་ཡིག་མུན་སེལ་སྒྲོན་མའི་གཞུག་ན་ས་སྐྱ་པ་ཆེན་པོས་མཛད་པར་བཞེད་འདུག སྒྲུབ་ཐབས་སྤྱིའི་རྣམ་གཞག་
༼༩༽༼༢༤༽
འགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་འཁོར་བ་ལ་ཐོག་མ་མེད་ཅེས་པ་དང་སྒྲུབ་ཐབས་ཀྱི་གཏད་རྒྱའོ་ཨི་ཐིའི་མཐའ་ཅན། རྡོ་རྗེ་ཕུར་པའི་མངོན་རྟོགས་
༼༩༽༼༢༤༽
དང་ལས་བྱང༌། ཡང་དེའི་སྒྲུབ་ཐབས་ཚིགས་བཅད་མ། གསན་ཡིག་རྒྱ་མཚོར་ཕུར་བའི་སྒྲུབ་ཐབས་ཚིགས་བཅད་མ། ཕུར་པའི་ཐོ་ཡིག་རྒྱུན་གྱི་མན་ངག་ལ་སོགས་པའི་ལས་ཁ་ཚར་བ་འགའ་གསུང༌། གོང་གི་ཚིག་ལྷུག་པ་འདི་རྗེ་ས་