R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 60
[A:60]ག་ཡ་དྷ་ར་དང་གྱི་ཇོའི་འགྱུར། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་གཏོར་མའི་ཆོ་ག་འགྱུར་བཤད་མ་ཐག་པ་དང་འདྲ་བ། དེས་མཛད་པའི་བགེགས་བདག་གི་སྦྱིན་སྲེག་གི་ཆོ་ག་འགྱུར་གོང་འདྲ།
་་་་་དཀར་ཆག་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག སྦྱིན་སྲེག་གི་ཡི་གེ ར་འབྲོག་མིའི་འགྱུར་ཟེར་བ་འདུག་པས་དཔྱད།
ཤིན་ཏུ་མྱུར་བའི་ལྷ་བགེགས་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་དཱི་པཾ་ཀ་རས་མཛད་པ། དཔལ་ཚོགས་ཀྱི་བདག་པོའི་ལས་བཞིའི་འཁོར་ལོའི་གསལ་བྱེད་ཌོམྦི་ཧེ་རུ་ཀས་མཛད་པ། སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་རྣམ་པར་༼གློ༽བཤད་པ་རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། དེས་མཛད་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྦྱིན་སྲེག་དང་བཅས་པ་མཇུག་ན་ཞར་བྱུང་གི་ཞལ་གདམས་མང་པོ་ཡོད་ཀྱང་མ་བྲིས་སོའི་མཐའ་ཅན། འགོར་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་ག་ཎ་པ་ཏི་སྒྲུབ་པར་བྱེད་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་༼གློ༽ཡིག་རྙིང་པ་དངོས་གྲུབ་ཀྱི་རྒྱ་མཚོ་བརྟོལ་ནས་འོང་ངོའི་མཐའ་ཅན། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ག་ཎ་པ་ཏི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་ཐབས་ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོའི་མཐའ་ཅན་ཞར་བྱུང་དམ་ཚིག་དང་འཕགས་པ་རིན་པོ་ཆེ་སུམ་ཅུ་རྩ་གསུམ་དུ་ཁྱེར་བའི་ལོ་རྒྱུས་ཟུར་ཙམ་དང་བཅས་པ། དེ་དང་འདྲ་མིན་འགོར་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཡོད་པ་གསང་སྒྲུབ་དྲག་པོའི་ལག་ལེན་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོའི་མཐའ་ཅན། ཞར་བྱུང་སྒྲུབ་པའི་སྔོན་འགྲོ་དང་སྔགས་བྱང་བསྟན་པ། ཚོགས་བདག་གི་