[A:༤༠༦]ལ་སོགས་ཀྱི་ཡིག་འཇོག་མཛད་པས་དེང་སང་གི་བཤད་པ་ཉམས་ལེན་ཕལ་ཆེར་དུ་དར་ཞིང་རྒྱས་པར་མཛད་དེ་འཕེལ་ལོ། །འགྲོ་བའི་སྐྱབས་མགོན་ཆོས་ཀྱི་རྗེའི། །བཀའ་དྲིན་གྱིས་བསྐྱངས་དཔལ་ལྡན་གྱིས། །རྣམ་ཐར་མདོར་བསྡུས་འདིར་བཀོད་པས། །སྐྱེ་བ་ཀུན་དུ་བླ་མ་མཆོག །མཉེས་བྱེད་དམ་ཆོས་མཛོད་འཛིན་ཅིང༌། །དོན་གཉིས་ལྷུན་གྲུབ་སངས་རྒྱས་ཤོག །ཆོས་ཀྱི་རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་དགེ་སློང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་རང་གིས་ཅུང་ཟད་ཐོས་པ་བྲིས་པའོ།།