R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 109
[A:109]དཔལ་ལྡན་ཆོས་བཟང༌། བླ་མ་
ལྷ་བོ་པ་
དམ་པ་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་ཕྲིན་ལས་རྣམ་རྒྱལ་ལའོ། །
རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག །བླ་མ་ཀུན་དགའ་བསམ་གྲུབ། བླ་ཆེན་ཀུན་དགའ་ཆོས་འཕེལ། སྦལ་སྟོན་བློ་གྲོས་དཔལ་ལྡན། བྱམས་པ་ཀུན་དགའ་ཆོས་དབང༌། གསུམ་ལྡན་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
༈ ཆོས་དབྱིངས་གསུང་དབང་འཇམ་དཔལ་མཚན་བརྗོད་ནས་གསུངས་པ་སློན་དཔོན་འཇམ་དཔལ་གྲགས་པས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དཀྱིལ་འཁོར་སྒོ་སྦྲག་བཞི་ལྷ་གྲངས་ཉིས་བརྒྱ་དང་ཉི་ཤུ་རྩ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན། ཀུན་མཁྱེན་བུའི་དཀྱིལ་ཆོག་མཁས་པའི་དགའ་སྟོན་ནས་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ་དབྱངས། ཛྙཱ་ན་པ། འཇམ་དཔལ་གྲགས་པ། དཔལ་སྦས་བཟང་པོ། བྲམ་ཟེ་ཡེ་ཤེས་རྡོ་རྗེ། ཤེས་རབ་འབྱུང་གནས་སྦས་པ། བྲམ་ཟེ་བཞད་པ་རྡོ་རྗེ། པདྨ་ཀ་ར་དང༌། ཤྲདྡྷ་ཀ་ར་ཝརྨ་གཉིས་ལ། ལོ་ཆེན་རིན་ཆེན་བཟང་པོ། དེ་ལ་ལོ་ཆུང་ལེགས་པའི་ཤེས་རབ། རྔོག་གེ་སེར་བ། སྐྱང་པོ་དར་མ་གྲགས། ཁྲི་སྟོན་ཀུན་དགའ་འོད། མཁན་པོ་ཆོས་རིན། བླ་མ་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་ཆེན་པོ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ། མཁས་གྲུབ་རིག་པའི་གློག་ཕྲེང་ངམ། འཁྲུལ་ཞིག་བློ་གྲོས་ཐོགས་མེད་གཉིས་བརྟག །བླ་མ་མ་ཎི་བཛྲ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། དེས་ཕྲིན་ལས་སོ། ༈ །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བ་ཞེས་བྱ་བའི་གཟུངས་ལས་གསུངས་པ་བྱ་རྒྱུད་རྡོ་རྗེའི་རིགས་ལས་རྡོ་རྗེའི་