R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 110
[A:110]རིགས་ཀྱི་གཙོ་བོ། སློབ་དཔོན་ཀུན་དགའ་སྙིང་པོའི་རྣལ་འབྱོར་རྒྱུད་ཀྱི་ཆོ་ག་བསྡུས་པའི་ལུགས་སུ། འཆི་བདག་འཇོམས་པ་དང་གཙོ་བོ་འཕོ་བའི་རིགས་ལས་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་ཀུན་མཁྱེན་བུའི་དཀྱིལ་ཆོག་ལས་སྒྲིབ་རྒྱུན་གཅོད་ནས།
སློབ་མའི་དབང་དངོས་གཞི།
དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། ཀུན་དགའ་བོ།
རྗེ་ཀུན་དགའ་གྲོལ་མཆོག་གསན་ཡིག་ན། ཉི་མ་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཅེས་འདུག་པ་ངེས་པར་དགོས་པ་འདུག །
ཀླུ་སྒྲུབ། ཨཱརྱ་དེ་བ། ཨ་ཝ་དྷཱུ་ཏི་པ། ཨ་བྷྱ་ཀ་ར་གུཔྟ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཨ་ཏི་ཤ །འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། རྒྱ་ཡེ་སྒོམ། གྲུབ་ཐོབ་ཧཱུྃ་འབར། ཞང་དགེ་སློང༌། དགེ་སློང་དཀོན་ཤེས། བླ་མ་འཁུན་སྟོན། རོང་པ་དཀོན་མཆོག་འབར། མཁན་པོ་དབང་རིན། ཁམས་པ་ས་ཕུག་པ། དབུས་པ་སངས་རྒྱས་འབུམ། ཆོས་འོད། འཕགས་འོད། ཡང་ན། འཁུན་སྟོན་ནས། འཕགས་འོད། ཡང་ན། དཀོན་ཡེས་ནས་མཁན་པོ་འབྲོམ། གཡའ་ལུང་དགོན་གསར་བ། རིན་བླ། འོང་ཆུང་པ་གཞོན་ནུ་འོད། གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། ཡང་ན་མཁན་ཆེན་ཡེ་ཤེས་རྡོ་རྗེ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྗེ་ས་སྐྱ་པ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ནུབ་པ་རིག་པ་འཛིན་གྲགས། བོ་དོང་ར་ལུང་པ། ཤབ་ལུང་ཕུག་པ། ནམ་མཁའ་བསོད་ནམས། ནུབ་གོག་པ། དགེ་བཤེས་དར་གཞོན། མདོ་སྟོད་པ་སྟོན་པ་དོན་ཡོད། གཡས་རུ་རྒྱ་སྡེ་བ་སློབ་དཔོན་རིན་རྒྱལ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། ཀུན་མཁྱེན་བུ་སྟོན། ཡང་ན། སངས་རྒྱས། ཛེ་ཏཱ་རི། གསེར་གླིང་པ། ཇོ་བོ་རྗེ། ལོ་ཆེན་རིན་