R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 112
[A:112]ཤེས་རྒྱ་མཚོའི་དཀྱིལ་ཆོག་ལ། ཀུན་མཁྱེན་བུའི་དཀྱིལ་ཆོག་སྔགས་འགྲོལ་མས་བརྒྱན་པ་ནས་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཕགས་པ་འཇམ་དཔལ། ཛེ་ཏཱ་རི། ཨཤོཀཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། མཆིམས་བརྩོན་སེང༌། མཆིམས་དོན་ནེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། བྱང་ཆེན་པ་བསོད་ནམས་འཕེལ། ལོ་ཙཱ་བ་མཆོག་ལྡན་ལེགས་བློ། བླ་མ་དཔལ་ལྡན་སེང་གེ །བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲགས་པ་གཞོན་ནུ། འཇམ་དབྱངས་གྲགས་པ་རྒྱལ་མཚན། དབུར་སྟོད་པ་ཡོན་ཏན་དཔལ། རོང་པ་བློ་བཟང་གྲགས་པ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། སློབ་དཔོན་སངྒ་ཤྲཱི། སློབ་དཔོན་ཚུལ་ཁྲིམས་འོད་ཟེར། སློབ་དཔོན་བསོད་ནམས་དཔལ་འབྱོར། བྱང་གླིང་རྗེ། སློབ་དཔོན་རྡོ་རྗེ་བཟང་པོ། སློབ་དཔོན་ལྷ་བོ་བ་རིན་ཆེན་རྒྱ་མཚོ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན།
སྔགས་འཆང་ཀུན་དགའ་ལྷུན་གྲུབ། བླ་ཆེན་ཆོས་གྲགས་དར་རྒྱས། དགེ་ལེགས་འཇམ་དབྱངས་མགོན་པོ། བསླབ་གསུམ་ཀུན་དགའ་ཆོས་འཕེལ། ནོར་གླིང་ཡེ་ཤེས་རྣམ་རྒྱལ། མཁན་ཆེན་ཤཱ་ས་ན་དྷ་ར། དེས་བདག་ཝཱ་གིནྡྲ་ལའོ། །
དེས་བདག་གོ །འཇམ་དབྱངས་ལྷ་ལྔ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོ་བསྒྱུར་བ་དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ནས་གསུངས་པ་ངོ་བོ་བྱ་རྒྱུད་ལ། ཆོ་ག་སྤྱོད་རྒྱུད་དུ་བཀྲལ་བ། མངོན་རྟོགས་ས་སྐྱ་པཎྜི་ཏ། དཀྱིལ་ཆོག་རྗེ་བཙུན་གྲགས་པའི་སྟེང་ནས་དབང་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། མཁས་པ་རབ་འབྱོར་