R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 113
[A:113]བསྐྱངས། སློབ་དཔོན་ཀུན་དགའ་སྙིང་པོ། པཎྜི་ཏ་ཤེས་རབ་བསྐྱངས། ཞི་བའི་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། མངའ་རིས་པ། བྲག་སྟེངས་པ། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། འཇམ་དབྱངས་ས་པཎྜི་ཏ་ཆེན་པོ། སློབ་དཔོན་མི་ཕམ་པ། རྒན་མོ་ལྷས་པ། བྱང་ཆེན་པ་བསོད་ནམས་འཕེལ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བླ་མ་བསོད་ནམས་བཟང་པོ། རྗེ་བཙུན་ཀུན་དགའ་རྣམ་རྒྱལ། བླ་མ་བསོད་ནམས་མཆོག་ལྡན། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་ཨུརྒྱན་རྒྱལ་པོ། རྗེ་བསོད་ནམས་རྒྱལ་པོ། པཎ་ཆེན་བསོད་ནམས་མཆོག་ལྡན། དེས་ཕྲིན་ལས་པ་ལའོ། །ཡང༌། ལོ་ཙྪ་ཆེན་པོ། དབུས་པ་གེ་སེར། ཁའུ་པ་སྐུ་མཆེད། ས་སྐྱ་པ་ཆེན་པོ། ཡང༌། མི་ཕམ་པ། བླ་མ་ཁམས་པ། རྟས་ཏེ་སེང་རྒྱལ། བླ་མ་ཤེས་རབ་སེང་གེ་རྒྱལ། བླ་མ་གཞོན་ཚུལ་བའོ། །ཡང༌། རྒན་མོ་ལྷས་པ། རྟས་ཏེ་སེང་རྒྱལ། ནམ་མཁའ་བཟང་པོ། ལོ་མཆོག །བློ་ཆེན་པ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་སེང་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེའོ། །གཟའ་ཡུམ་ལྷ་བཅུ་བཞི་ཁོར་ཡུག་ཏུ་རྒྱལ་པོ་བཞི་སོགས་ཡོད་པ་རྣལ་འབྱོར་དབང་ཕྱུག་བིརྺ་པའི་མན་ངག །མཁན་པོ་ཞི་བ་འཚོ་ནས་བརྒྱུད་པ། ངོ་བོ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ལས་བརྒྱད་པ་གནས་གཙང་མའི་ལྷ་ལ་སོགས་པའི་རིགས་ཡིན་ཞིང༌། ཆོ་ག་སྤྱོད་རྒྱུད་དུ་བཀྲལ་བ། མངོན་རྟོགས་ས་སྐྱ་པཎ་ཆེན། དཀྱིལ་ཆོག་རྗེ་བཙུན་གྲགས་པའི་འཇམ་དབྱངས་ལྷ་ལྔ་ལ་བརྟེན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྡོ་རྗེ་