R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 122
[A:122]འཆང་དངོས་
སྐུ་ཞང་
ངག་དབང་ལྷུན་གྲུབ་ཞབས། །བསྟན་པའི་བདག་པོ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །བདག་དང་
ཕྲིན་ལས་པ་
མཁའ་མཉམ་འགྲོ་བ་མ་ལུས་པ། །འཆད་རྩོད་རྩོམ་ལས་ཐུབ་བསྟན་རྒྱས་བྱེད་ཅིང༌། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་ཐོབ་ཤོག །
ཅེས་པ་འདི་ནི་དཔལ་ཞལ་ལུའི་མཁན་རིན་པོ་ཆེ་རྡོ་རྗེ་འཆང་དང་མི་གཉིས་པ་རིན་ཆེན་བསོད་ནམས་མཆོག་གྲུབ་གང་གི་ཞལ་སྔ་ནས་བསྐུལ་བ་ལྟར། ཕྲིན་ལས་རྣམ་པར་རྒྱལ་བས་རྡོ་རྗེ་གདན་ཉི་མ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།
༈ གཙུག་ཏོར་གདུགས་དཀར་ལྷ་ཞེ་གཉིས་ཀྱི་དབང་དང་ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད་པ་མ་མོའི་ཚོགས་ཀྱིས་བསྐོར་བའི་རྗེས་གནང་གཉིས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞབས་ཀྱིས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །ལིང་ནམས་ལོ་ཙཱ་བ། ལིང་ནམས་ལོ། རོག་སྟོན་པ། སྨན་སྟོན་གུང་པ། ཆོས་བྲག་མཁར་པ། བྲག་དཀར་དབོན་པོ། ཡོན་ཏན་བྱང་ཆུབ། གདུགས་དཀར་བ་གཞོན་ནུ་རིན་ཆེན། རང་བྱུང་རྡོ་རྗེ། རྟ་བཀྲ་བ་དབང་བརྩོན། ཡོར་པ་རིན་ཆེན་དཔལ། སོག་དབོན་རིག་རལ། མཐོང་བ་དོན་ལྡན། གུག་ཤྲཱི་རིན་ཆེན། སངས་རྒྱས་མཉམ་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །གྲགས་པ་དོན་གྲུབ། རྣམ་རྒྱལ་དཔལ་བཟང༌། རྗེ་ངག་དབང་རྣམ་རྒྱལ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ ། ༈ གཙུག་ཏོར་གདུགས་དཀར་ལྷ་བཅུ་བདུན་གྱི་སྟེང་དུ་སྔགས་འཆང་ཤཱཀྱ་དཔལ་ཉིད་ཀྱི་ཞལ་གཟིགས་ལྟར་རྣམ་འཇོམས་དཀར་པོའི་ཁྲོ་བོ་