R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 121
[A:121]དཔོན་ས་ཝ་རི་པའི་མན་ངག་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་ཡི་གེ་ནས་དབང་ཐོབ་པའི་བརྒྱུད་པ་ནི། རིགས་བརྒྱའི་ཁྱབ་བདག་སངས་རྒྱས་རྡོ་རྗེ་འཆང༌། །ཡེ་ཤེས་མཁའ་འགྲོའི་དབང་མོ་སེང་གདོང་མ། །མཆོག་གི་དངོས་གྲུབ་བརྙེས་པའི་ས་ཝ་རི། །སྲིད་ཞིའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཛ་ཝ་རི་པའི་ཞབས། །དེ་སྲས་དེ་ཝ་པུརྞ་མ་ཏི་རྗེ། །འཇིག་རྟེན་མིག་མཁན་
དཔྱལ་
ལོ་ཆེན་ཆོས་བཟང་མཆོག །གསུང་རབ་མཚོ་ལས་རིན་ཆེན་དངོས་གྲུབ་ཐོབ། །ཐར་པའི་ས་མཁན་བཞི་ལ་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་དབང་བསྒྱུར་
དམར་སྟོན་
ཆོས་རྒྱལ་ཞབས། །བདག་མེད་རྟོགས་པའི་ཤེས་རབ་བླ་མར་གྲགས། །གཞུང་ལུགས་རྒྱ་མཚོར་མངའ་འབྱོར་ཤེས་རབ་འབུམ། །ས་གསུམ་སྙན་པའི་གྲགས་པ་རྡོ་རྗེས་ཁྱབ། །བསྟན་པའི་བྱ་བར་དར་མ་བྱང་ཆུབ་ཆེ། །བསྟན་པའི་རྒྱལ་མཚན་ལྔ་ལ་གསོལ་བ་འདེབས། །གསུང་རབ་གངས་རིར་
ཡང་རྩེ་བ་
རིན་ཆེན་སེང་གེའི་རྒྱལ། །སྐལ་བཟང་སངས་རྒྱས་བདུན་པ་རིན་ཆེན་གྲུབ། །དེ་སྲས་ཐུ་བོ་རིན་ཆེན་རྣམ་རྒྱལ་ཞབས། །འཆད་རྩོད་རྩོམ་ལ་གྲགས་པའི་རྒྱལ་མཚན་འཛིན། །ཡེ་ཤེས་རྒྱ་མཚོར་རིན་ཆེན་བསོད་ནམས་འཕེལ། །ཆོས་རྗེ་ཆོས་ཀྱི་རྒྱལ་པོ་ཆོས་དཔལ་བ། །འདུས་པའི་ཕྱག་འོད་མཁན་ཆེན་རིན་རྒྱལ་བ། །ཐར་པའི་དེད་དཔོན་དྲུག་ལ་གསོལ་བ་འདེབས། །བསྟན་འགྲོའི་གཉེན་མཆོག་མཚུངས་མེད་ཆོས་རིན་རྗེ། །ཕན་བདེའི་འབྱུང་གནས་བསོད་ནམས་དཔལ་འབྱོར་ཅན། །ཚོགས་གཉིས་རིན་ཆེན་བཀྲ་ཤིས་རྒྱལ་མཚན་བསྒྲེང༌། །མཁས་གྲུབ་ཆེན་པོ་
མུས་པ་
ནམ་མཁའ་དཔལ་བཟང་ཞབས། །མཆོག་
འདི་མན་ལ་ནཱ་ལེནྡྲའི་བླ་མ་
ལེགས་རྡོ་རྗེ་བསྟན་འགྲོ་པདྨོའི་མཉེན། །དངོས་གྲུབ་མཆོག་བརྙེས་
སྐུ་ཞང་
མཁྱེན་རབ་བསྟན་འཛིན་བཟང༌། །རྡོ་རྗེ་