R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 131
[A:131]༼ཅ༽ ༈ གསང་སྔགས་སྔ་འགྱུར་དང༌། ཕྱིས་གཏེར་ཁ་ནས་བྱུང་བའི་དབང༌། བྱིན་བརླབས་བཅས་པའི་སྐོར་ལས། སྒྲུབ་པ་བཀའ་བརྒྱད་ཀྱི་ཡང་དག་ལྷ་དགུ་ཐུགས་ཀྱི་དཀྱིལ་འཁོར་མི་བསྐྱོད་པའི་རིགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ།
དཀྱིལ་ཆོག་ཧཱུྃ་མཛད་ཞལ་ལུང་སྟེང་ནས།
ས་སྐྱ་པ་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱི་ཡི་གེ་ནས་དངོས་སྟ་འབྲེལ་བའི་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་དཔལ་ཆེན་ཧེ་རུ་ཀཿ །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༌། །འཇམ་དཔལ་བཤེས་གཉེན་རོ་ལངས་བདེ་བ་དང༌། །བུདྡྷ་གུ་ཧྱ་སློབ་དཔོན་ཧཱུྃ་ཀཱ་ར། །པདྨ་ཐོད་འཕྲེང་བི་མ་ལ་མི་ཏྲ། །ཤཱི་ལ་མཉྫུ་རྡོ་རྗེ་བདུད་འཇོམས་དང༌། །གཉགས་ཆེན་ཛྙཱ་ན་འཁོན་སྟོན་ཀླུ་དབང་སྲུང༌། །རྡོ་རྗེ་རིན་ཆེན་ཡོན་ཏན་འབྱུང་གནས་དང༌། །ཚུལ་ཁྲིམས་རྒྱལ་པོ་གཙུག་ཏོར་ཤེས་རབ་དང༌། །འཁོན་རིགས་དགེ་སྐྱབས་འཁོན་སྟོན་བལ་པོ་དང༌། །འཁོན་རིགས་དགེ་མཐོང་ཤཱཀྱ་བློ་གྲོས་ཞབས། །ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ་པོ་དང༌། །བརྩེ་བ་ཆེན་པོ་སློབ་དཔོན་རིན་པོ་ཆེ། །རྗེ་བཙུན་གྲགས་པ་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་འོད་ལྡན་ཁའུ་པ། །བུ་ལུང་ཀུན་རྡོར་ལོ་ཆེན་མཆོག་ལྡན་པ། །དགའ་ལྡན་ཀུན་བསོད་གན་པ་རིན་རྒྱལ་རྗེ། །བསོད་ནམས་རྒྱལ་མཚན་ཤེས་རབ་རྡོ་རྗེ་དང༌། །ཆོས་དཔལ་ཤེས་རབ་སེང་གེ་རྒྱལ་མཚན་དང༌། །ཀླུ་པ་བསོད་དར་དམར་སྟོན་རྒྱལ་མཚན་འོད། །ནམ་མཁའ་བློ་གྲོས་ཆག་ལོ་གསུམ་པ་དང༌། །ས་ལོ་འཇམ་རྡོར་རྗེ་བཙུན་ཀུན་དགའ་ལེགས། །མཁྱེན་བརྩེའི་ཞབས་དང་དབང་ཕྱུག་རབ་བརྟན་དཔལ། །ས་ཆེན་ཀུན་བསོད་འཇམ་དཔལ་རྡོ་རྗེ་ཞབས། །
མཁས་བཙུན་བཟང་པོ་ཕྲིན་ལས་རྣམ་རྒྱལ་བ། །རྡོ་རྗེ་འཆང་དངོས་བློ་གྲོས་དབང་ཕྱུག་ཞབས། །ཆོས་དབང་རྒྱ་མཚོ་བསོད་ནམས་རྒྱལ་མཚན་