R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 132
[A:132]དཔལ། །བཀའ་དྲིན་མཉམ་མེད་ཡེ་ཤེས་རྣམ་རྒྱལ་ཞབས། །གང་དང་དབྱེར་མེད་ཕུན་ཚོགས་ཆོས་འཕེལ་དེས། །ཤཱི་ལ་དྷྭ་ཛ་བདག་ལ་ལེགས་པར་བསྩལ། །འདི་ལ་བརྒྱུད་སྲོལ་མང་དུ་མཆིས་སོ།
རྨི་ལྟས་བཟང་པོ་དང་བཅས་བདག་གིས་ཐོབ། །དེ་ཡང༌། རྡོ་རྗེ་གདན་འདིར་སློབ་མ་ཉེར་ལྔ་རེའི་བགྲངས་ཀྱིས་བཅད་པའི་དབང་ཚར་བཅུ་གཉིས་གནང་བའི་དུས་སུའོ། །སློབ་དཔོན་རིན་པོ་ཆེས་གྲགས་པའི་ཞབས་ལ་འདུད་དེ། དམ་བཅའ་བའོ། ༈ །རྡོ་རྗེ་ཕུར་པ་ལྷ་ཁྲ་བཀའ་མ་ལུགས་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་མངོན་རྟོགས་གསུམ་དང་དཀྱིལ་ཆོག་ནས་དངོས་སྟ་འབྲེལ་བའི་ལུགས་ཕྱག་ལེན་ཆུ་བབས་སུ་བྱུང་བ་ཐམས་ཅད་མཐུན་པར་སྲུང་སྐུད་སྐྱེས་པའི་དཔུང་པ་གཡོན་དུ་འདོགས་པ་སོགས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། ཀརྨ་ཧེ་རུ་ཀ །རིགས་ཀྱི་རྡོ་རྗེ་འཆང༌། སློབ་དཔོན་ཨུ་པ་རྭ་ཛ། པྲ་ཝ་ཧ་ཏི། དྷ་ན་སཾ་སྐྲྀ་ཏ། པདྨ་སཾ་བྷ་བ། སྣ་རྣམ་རྡོ་རྗེ་བདུད་འཇོམས། འཁོན་རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཡོན་ཏན་འབྱུང་གནས། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང༌། འཁོན་སྟོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བླ་མ་ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ། འཇམ་དབྱངས་ས་པཎྜི་ཏ་ཆེན་པོ། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། འོད་ལྡན་དཔལ། གོ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་བ་རིན་ཆེན་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་