R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 139
[A:139]ཤེས་རྣམ་རྒྱལ། མཚུངས་མེད་ཆོས་རྗེ་ཕུན་ཚོགས་ཆོས་འཕེལ། དེས་བདག་ཝཱ་གིནྡྲ་ལའོ། །
རྡོ་རྗེ་འཆང་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་ལ་ལན་གཉིས་སོ། །ཡབ་བསོད་ནམས་རིན་ཆེན་གྱི་གནས་སུ། མཁས་གྲུབ་གཞོན་ནུ་དཔལ་བཅུག་ཀྱང་ཆོག་གོ ༈ །དེ་དང་འབྲེལ་བར་ཆོས་སྐྱོང་མ་ནིང་དྲེགས་པའི་སྲོག་དབང་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་རྡོ་རྗེ་འཆང༌། གསང་བའི་བདག་པོ་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། ཨུརྒྱན་པདྨ་འབྱུང་གནས། གུ་རུ་ཆོས་དབང༌། ཡར་ཀླུང་པ་སྤྲུལ་སྐུ་རྡོ་རྗེ་མགོན་པོ། དེའི་དབོན་སྨན་ལུང་པ་སྤྲུལ་སྐུ་ཤཱཀྱ་གཞོན་ནུ། དེ་སྲས་འཁྲུལ་ཞིག་བསོད་ནམས་རྒྱལ་མཚན། ཟི་ན་ཆོས་སེམས་དཔའ་ཡེ་ཤེས་དབང་པོ། རྒྱ་སྟོན་པ་བྱང་ཆུབ་དབང་གི་རྒྱལ་པོ། བླ་མ་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ །ཡང་ན་གུ་རུ་ཆོས་དབང་ཡན་ཟླུམ་པོ་བཞིའི་དབང་བརྒྱུད་ལྟར་བྱས་ཀྱང་ཆོག་གོ །གཏེར་སྟོན་རྡོ་རྗེ་གླིང་པའི་གདུང་བརྒྱུད་རིག་འཛིན་མདོ་སྔགས་རྒྱ་མཚོའི་དབང་ཕྱུག་དང༌། དེའི་གཅུང་པོ་བསམ་གྲུབ་ལགས་ལ། ཚེ་དབང་རེ་རེ་ཐོབ།། ༈ །།རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལྗང་ཡུལ་མའམ་སྤྲིན་བསེབ་མ་སེར་ཆེན་རྟག་བདག་བརྒྱད་བཅས་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་རིན་པོ་ཆེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ཞང་ལྷ་བཟང་ཀླུ་དཔལ་ནས་བརྒྱུད་དེ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མུས་ཆེན་རྣམ་རྒྱལ་དཔལ་བཟང༌། རིན་པོ་ཆེ་ཀུན་དགའ་སངས་རྒྱས། ཞ་ལུ་མཁན་ཆེན་རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་