R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 140
[A:140]འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་གོ །ཡང་ན། ཚར་ཆེན། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ༈ རིག་འཛིན་རྒོད་ལྡེམ་པའི་གཏེར་ཁ་ཚེ་དབང་ལྕགས་སྡོང་མའི་ཚེ་དཔག་མེད་རབ་བྱུང་ཆ་ལུགས་ཅན་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། སྨུག་ནག་དབང་གི་མཁའ་འགྲོ། ཚངས་པའི་རྒྱལ་པོ་གདོང་གསུམ་པ། རིག་འཛིན་ལྷ་དབང་བརྒྱ་སྦྱིན། རིག་འཛིན་ཀླུ་རྒྱལ་འཇོག་པོ། མཁས་པ་ཤཱཀྱ་པྲ་བྷ། སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་སྐུ་རིག་འཛིན་ཆེན་པོ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། མཚན་ལྡན་བྱམས་པ་བཤེས་གཉེན། བླ་མ་སངས་རྒྱས་དཔལ་བཟང༌། སྔགས་འཆང་ཆོས་རྒྱལ་བསོད་ནམས། ཚར་པ་ཆོས་རྗེ། མཁྱེན་བརྩེའི་དབང་ཕྱུག །རིག་འཛིན་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང༌། རྗེ་དབང་རབ། རྗེ་བཀའ་འགྱུར་བ། སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་པདྨ་ཕྲིན་ལས། དེས་དགྱེས་བཞིན་དུ་སྩལ་ལོ། ༈ །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་ཨུརྒྱན་རིན་པོ་ཆེས་གནང་བའི་ཚེ་དབང་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་པདྨ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྡོ་རིངས་པ་ཆེན་པོ། ཀུན་དགའ་སྒྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །མགོན་པོ་བསོད་ནམས་མཆོག་ལྡན་ལ་ཡང་ཞུས་སོ། །རྗེ་བཀའ་འགྱུར་བ་ལ། ཐོས་གྲོལ་ཞེས་པའི་སྔགས་ལུང་གཅིག་ཀྱང་ཐོབ། ༈ ཟ་ཡིག་ནོར་བུའི་བང་མཛོད་ལུང་