R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 142
[A:142]འུག་པ་སོགས་སྒྲིབ་ཤིང་གི་གདམས་པ་སྟེ། དེ་དག་གི་ལུང་བརྒྱུད་ནི། སློབ་དཔོན་པདྨ་ཐོད་ཕྲེང་རྩལ། གཏེར་སྟོན་ཧཱུྃ་ནག་མེ་འབར་ལ། ནོར་བུ་རྒྱན་པ་དང༌། བཟང་པོ་རྡོ་རྗེ་གཉིས་ཀྱིས་གསན། དེ་ལ་རྩ་བའི་བླ་མ་དམ་པ་རིན་ཆེན་ཆོས་ལེགས། དེས་བདག་ལ་དགྱེས་བཞིན་གནང་བའོ། །
གཏེར་སྟོན་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་ལ་རིག་འཛིན་ཐུགས་ཐིག་གི་རྫོགས་ཆེན་ལུང་ཐོབ་པའི་བརྒྱུད་པ་ཆོས་ལོངས་སྤྲུལ་གསུམ། སློབ་དཔོན་པདྨ། གཏེར་སྟོན་རིན་ཆེན་ཉིད། དེས་བདག་གོ །