R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 143
[A:143]༼ཆ༽ ༈ སྤྱི་བཀའི་རྗེས་གནང་ཐོབ་པའི་སྐོར་ལ། སྒྲུབ་ཐབས་བརྒྱ་རྩ་ཞེས་པ། བྷང་ག་ལའི་པཎྜི་ཏ་གཞོན་ནུ་སྦས་པས་བསྡུས་པའི་སྒྲུབ་ཐབས་གཟུངས་དང་བཅས་པ་དཔེ་སྣ་དགུ་བཅུ་གོ་དྲུག་ལ། རྗེས་གནང་དགུ་བཅུ་གོ་གཉིས་བཞུགས་པ། བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པས། པཎ་གྲུབ་ཆེན་པོ་རྡོ་རྗེ་གདན་པ། བཻ་རོ་ཙ་ན་རཀྵི་ཏ། དྷ་བྱང་ཆུབ་སེམས་དཔའ། རྡོ་རྗེ་གདན་པ་ཆུང་བ་དོན་ཡོད་རྡོ་རྗེ་བཞི་ལ་ཞུས་ཏེ། དཔལ་ས་སྐྱ་པ་ལ་བཀའ་བབས་པ་ནི། ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ་དམ་ཚིག་གསུམ་བཀོད་རྒྱུད་ནས་གསུངས་པའི་སྒྲུབ་ཐབས། བརྟན་པའི་འཁོར་ལོ་བྷ་ཝ་སྐནྡྷས་མཛད་པ། ཡང༌། བརྟན་པའི་འཁོར་ལོ། །ཚིག་ལྷུག་པའི་བརྟན་པའི་འཁོར་ལོ། ཚིག་ལྷུག་པའི་ཨ་ར་པ་ཙ་ན་དཀར་པོ་པདྨས་མཛད་པ། ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔ་མི་ཕམ་བཤེས་གཉེན་གྱིས་མཛད་པ། འཇམ་དཔལ་ཞལ་གསུམ་ཕྱག་དྲུག་པ། འཇམ་དཔལ་རྡོ་རྗེ་གཙོ་འཁོར་ལྔ། ངག་གི་རྒྱལ་པོ་གཙོ་འཁོར་གཉིས། རྒྱལ་པོ་རོལ་པ། རིག་པ་འཛིན་པའི་སྡེ་སྣོད་ནས་གསུངས་པའི་འཇམ་དཔལ། ཡང་གཅིག །ཡང་གཅིག །ཡན་ལག་མེད་པའི་འཇམ་དཔལ་རྡོ་རྗེ། ཆོས་དབྱིངས་གསུང་དབང༌། མཚན་བརྗོད་ཀྱི་འཇམ་དཔལ། འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པ། འཇམ་དཔལ་ཤེས་རབ་འཁོར་ལོ། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ན་ལྷ་ལྔ། གཤིན་རྗེ་གཤེད་ནག་པོ་ཞལ་དྲུག་པ། གཤིན་རྗེ་ནག་པོ་ཞལ་གསུམ་ཕྱག་དྲུག་པ། གཤིན་རྗེ་པུ་ཛ་ན་བྷ་དྲས་མཛད་པ། རྡོ་རྗེ་ཆོས། སེང་གེ་སྒྲ། ཧ་ལ་ཧ་ལ་ལྷན་སྐྱེས་རོལ་པས་མཛད་པ། ཁ་སརྤ་ཎི་ལྷ་ལྔ་རྙོག་པ་མེད་པས་མཛད་པ། ཡི་གེ་དྲུག་པ་གཙོ་འཁོར་གསུམ་ལྷན་སྐྱེས་རོལ་པས་མཛད་པ། ཧ་རི་ཧ་རི་ལ་ཞོན་པ། ཧ་ལ་ཧ་ལ་ལྷན་སྐྱེས་རོལ་པས་མཛད་པ། པདྨ་གར་དབང་སངས་རྒྱས་ཀྱིས་