R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 177
[A:177]ཁ་པ་འཇམ་དབྱངས་གྲགས་པ། མཁྱེན་རབ་མངའ་བདག་ངག་དབང་བསྟན་འཛིན། དེས་བདག་གོ །ཡང་ན་ཚར་ཆེན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་ཚར་ཆེན་ནས། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་རབ་མན་འདྲ། ༈ ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་པོ་ཏི་ཁ་ལོངས་ལས་ཆོས་སྐོར་འགའ་ཞིག་གི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ནི། རྒྱུད་ལེའུ་བརྒྱད་མ་རང་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་དཔལ་ཤ་བ་རི་པས་མཛད་པ། རང་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོ་འདི་ཉིད་ཉམས་སུ་ལེན་ཚུལ་དཔལ་ཕྱག་དྲུག་པའི་མངོན་རྟོགས་རྒྱས་པའི་ཡི་གེ །འབྲིང་གི་ཡི་གེ །བསྡུས་པའི་ཡི་གེ །བེ་བུམ་ནག་པོའི་སྐོར་ཟེར་རོ། ༈ །བེ་བུམ་དཀར་པོའི་སྐོར་ནས། ནག་པོ་ཆེན་པོ་སྒྲུབ་པའི་ཐབས། བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་ཐབས་ཞེས་བྱ་བ་བླ་མ་མགོན་པོ་དབྱེར་མེད་ཀྱི་བྱིན་བརླབས་ཞེས་པ་ནས། སློབ་མ་རྗེས་གཟུང་རྫོགས་སཽའི་མཐའ་ཅན། བླ་མ་མགོན་པོ་དབྱེར་མེད་ལ། །གྲིབ་ཐོག་དམ་ཚིག་འགལ་གྱུར་ན། །ཞེས་པ་ནས། གསོལ་འདེབས་བྱའི་མཐའ་ཅན། བླ་མ་མགོན་པོ་དབྱེར་མེད་དུ། ནས། གནད་དབབ་ལགས་སཽའི་མཐའ་ཅན། བླ་མ་ཡེ་ཤེས་མགོན་པོ་ཡིས། །ནས། དབང་དུ་བསྡུ་ཞིང་གནད་ལ་དབབ་པ་རྫོགས་སོའི་མཐའ་ཅན། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་རྟེན་བཅའ་བ་ལ་གསུམ། ནས། བཀའ་བརྒྱ་བཏབ་ནས་གཤེགས་གསོའི་མཐའ་ཅན། དགྲ་བགེགས་གང་དམིགས་བརླག་མཛད་པའི། ནས། མང་པོ་ལ་མེད་དོའི་མཐའ་ཅན། རྡོ་རྗེ་འཆང་དང་དབྱེར་མེད་པའི། ནས། བླ་མ་མགོན་པོ་དབྱེར་མེད་དུ་རྟོགས་པར་བྱའོ། །གནད་གསུམ་གྱི་གདམས་པ་