R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 178
[A:178]ལ། ནས། ཤངས་སྟོན་གྱིས་ཡི་གེར་བཀོད་པའོའི་མཐའ་ཅན། ན་མོ་མཧཱ་ཀཱ་ལཱ་ཡ། ཐུན་མོང་མིན་པའི་རྟེན་བཅའ་བ་ལ། ནས། གཞན་སུ་ལའང་མི་འདུག་གོའི་མཐའ་ཅན། མགོན་པོ་ཕྱར་དར་ནི། ནས། རི་གོང་དཔལ་གྱི་དགོན་པར་ཡི་གེར་བཀོད་དོའི་མཐའ་ཅན། རབ་གནས་ལ་སྔོན་དུ་བསྙེན་པ་གལ་ཆེ་གསུང༌། ནས། མེ་ཏོག་གི་ཞལ་གདམས། རབ་གནས་གྱི་ཞལ་གདམས། དུས་ཀྱི་ཞལ་གདམས། གུ་གུལ་གྱི་ཞལ་གདམས། ཉུང་དཀར་གྱི་ཞལ་གདམས། ཡེ་ཤེས་པ་དངོས་སུ་བཞུགས་པའི་ཞལ་གདམས། ཞབས་བསྡམ་གྱི་ཞལ་གདམས། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང་གི་ཡིག་རྙིང༌། བླ་མ་དཀོན་མཆོག་ཌཱ་ཀིའི་ཞབས་ལ་བཏུད་ཅེས་པ། ནས། ཆིག་བརྒྱུད་དག་ལས་མ་སྤེལ་ཅིག་མཐའ་ཅན། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལས་ཁ་ཚར་བ་འདི་ལ། ནས། གནམ་སྟོང་གི་བར་དུ་བྱའོའི་མཐའ་ཅན། མགོན་པོ་གཟི་ལྡན་དབང་ཕྱུག་གི་ཞལ་ཤེས་གསུམ་པ་ཁ་ཡངས་ཤིང༌། ནས། དཔེ་སུ་ལའང་མི་སྟོན་ནོའི་མཐའ་ཅན། དབང་སྡུད་ཀྱི་འཁོར། ནས། ཨྠིྀའི་མཐའ་ཅན། ན་མོ་དང་པོ་བྱིན་གྱིས་བརླབས་པའི། ནས། ཧཱུྃ་གྲི་བ་མ་ཡིན་ནོའི་མཐའ་ཅན། མགོན་པོའི་སྦྱིན་སྲེག་བུམ་པ་བཅའ་ཐབས། ལྷ་མོའི་ཕྱག་བཞིའི་གནད་ཡིག་སྙིང་གི་ཡང་ཐིག །འདིའི་རྟེན་བཅའ་བ། ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་ཆེ་ཆུང་མངའ་བདག་མཻ་ཏྲི་པའི་ལུགས། སྦགས་སྒྲུབ་དུག་ལྟ་བུའི་མན་ངག་གི་ལོ་རྒྱུས། སྒྲུབ་ཐབས་རླུང་སྟོད་དུ་འཚང་བ་ཕན་པའི་མཐའ་ཅན། འཁོར་ལོའི་སྒོ་ནས་དགྲ་ལེགས་བསད་པ། མནན་པའི་འཁོར་ལོ་བཅའ་ཐབས། བསྲུང་བའི་འཁོར་ལོ་བྱ་བ། ཟླ་བ་ཉི་མ་ནག་པོ་ལ། ནས། མན་ངག་ཀྱང་འདི་ཡིན་ནོའི་མཐའ་ཅན། མགོན་པོ་ལ་བརྟེན་ནས་རྨི་ལམ་ངན་པ་བཟློག་ཐབས། ལམ་སྲུངས་དང་