R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 208
[A:208]པའི་ཞབས་ལ། སྐྱིད་ཤོད་དགའ་བ་གདོང་དུ། བླ་མ་དབུ་མ་པ་དང༌། གྲུབ་ཆེན་དཔའ་བོ་རྡོ་རྗེ་གཉིས་ཀྱིས་ལོ་ཙཱ་བའི་ཚུལ་དུ་བསྒྱུར་ནས་བྱུང་བའི་འཇམ་དབྱངས་ཆོས་བསྐོར་དུ་གྲགས་པའི་རྗེས་གནང་ཐོབ་པ་ལ། དང་པོ་དཔའ་བོ་གཅིག་པའི་རྗེས་གནང༌།
ཐུགས་ཀར་དྷཱིཿདྷཱིཿདྲུག་གིས་བསྐོར་བ། ལྕེ་རྩར་དྷཱིཿདྷཱིཿབརྒྱ་རྩ་འདྲེན།
གཅིག །གཉིས་པ་ལུས་དཀྱིལ་མ་ནི། འཇམ་དབྱངས་ཐུགས་ཀར་འཇམ་དབྱངས་ཀྱི་ཡང་ཐུགས་ཀར་རིགས་ལྔ། མགྲིན་པར་ལྷ་མོ་ལྔ། སྤྱི་བོར་སངས་རྒྱས་རིགས་ལྔ་སོགས་ལ། མདུན་བསྐྱེད་དང་བླ་མའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་འཕྲོས་ལུས་ཀྱི་ལྷ་སོ་སོར་ཐིམ་པའི་བཟླས་ལུང་བརྒྱ་རྩ། གསུམ་པ་འཇམ་དབྱངས་གསང་སྒྲུབ་ལ། སློབ་མ་འཇམ་དབྱངས་དང་དབྱངས་ཅན་མ་སྦྱོར་བར་བསྐྱེད་པའི་སྤྱི་བོར་བླ་མ་དང་མདུན་བསྐྱེད་ཡབ་ཡུམ་སྙོམ་པར་ཞུགས་པའི་བྱང་སེམས་བབས་པས་སྤྱི་མགྲིན་སྙིང་ལྟེ་གང་ནས་རིམ་པ་བཞིན་དབང་བཞི་ཐོབ་པ་སོགས། སྔགས་ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཿབརྒྱ་རྩ། བཞི་པ་འཇམ་དབྱངས་ནང་སྒྲུབ་ལ། སློབ་མ་འཇམ་དབྱངས་ཡབ་ཡུམ་གྱི་སྙིང་གར་སངས་རྒྱས་རིགས་ལྔ། བུམ་པས་དངོས་སུ་དབང་བསྐུར། བླ་མ་དང་མདུན་བསྐྱེད་དབྱེར་མེད་སྙོམས་འཇུག་གི་བྱང་སེམས་ཀ་ལིའི་བདུད་རྩི་དང་འདྲེས་ནས་སོང་བ་སློབ་མའི་ལྕེ་ཐོག་ཏུ་གནང༌། ཕྱག་རྒྱ་དང་སྙོམས་འཇུག་གིས་ཤེས་རབ་ཡེ་ཤེས། སློབ་མ་མདུན་བསྐྱེད་ལ། ཡབ་ཡུམ་ལ། ཡུམ་ཐུགས་ཀའི་ཧྲཱིཿལ། ཧྲཱིཿགུ་གུ་ལ་ཐིམ་པས་དབང་བཞི་པ། དེ་ལྟར་ནང་སྒྲུབ་གསང་སྒྲུབ་གཉིས་ཀར་ཌ་རུ་འཁྲོལ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས་སོགས། ལྔ་པ། ༈ རྡོ་རྗེ་ཕག་མོ་ཁྲོས་པ་ཁྲོས་མ་ནག་མོ། སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་ཉིས་བརྩེགས། འདུན་བསྐྱེད་བླ་མ་སློབ་མ་གསུམ་གར་ཕོ་བྲང་ལྔར་