R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 210
[A:210]གཡོ་བ་དཀར་པོ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕོ་ཉའི་རྗེས་གནང་མཁས་པ་ཡོན་ཏན་ཁྲིས་མཛད་པ་ནས་ཐོབ་པའི་ཤིན་ཏུ་ཉེ་བརྒྱུད་ནི། ཁྲོ་བོའི་དབང་པོ་མི་གཡོ་བ། ཀུན་མཁྱེན་གཡག་མི་ཕམ་ཆོས་ཀྱི་བླ་མས་མི་གཡོ་བའི་སྒྲུབ་པ་མཛད་པའི་ཞག་བདུན་ཐོག་ཞལ་དཀར་ནང་དུ་མི་གཡོ་བའི་སྐུ་མཐེབ་སོར་ཙམ་པ་མང་པོ་བྱུང་བ་བགེགས་ཀྱི་སྤྲུལ་པར་མཁྱེན་ནས། ལྷག་མེད་གསོལ་བས་ཐུལ་ཞིང་ཁྲོ་བོའི་དབང་པོ་ཞལ་གཟིགས་པའི་ལོ་རྒྱུས་སྣང་ངོ༌། །དེས་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན། རྒྱུ་འགུལ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། དཔལ་ལྡན་ས་སྐྱ་པའི་སྲིད་གཉིས་ཀའི་བདག་པོ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཞབས། དེས་བདག་སོགས་ལའོ། །ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤྲཱི་བ་བློ་གྲོས་རྒྱལ་མཚན། སྡོམ་བརྩོན་སྦྱིན་པ་གྲགས་པ། ས་སྐྱ་པ་ཀུན་དགའ་བསོད་ནམས། དེས་བདག་གོ ༈ །མི་གཡོ་བ་སྔོན་པོ་པུས་གཙུགས་སམ་ཆུ་བསྲུང་གི་རྗེས་སུ་གནང་བ་སྒྲུབ་ཐབས་སློབ་དཔོན་རྩེ་མོས་མཛད་པའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི་སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་མྱ་ངན་མེད་པའི་དཔལ། པཎྜི་ཏ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། རྗེ་བཙུན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། རི་ཁྲོད་པ་བློ་བརྟན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང༌། གུ་གེ་པཎྜི་ཏ། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་