R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 217
[A:217]ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་པ་རྡོ་རྗེ་འཆང༌། མུས་ཆེན་སེམས་དཔའ་ཆེན་པོ། ཆོས་རྗེ་དཔལ་ལྡན་རིན་ཆེན། རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རྗེ་བཙུན་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཞ་ལུ་མཁན་ཆེན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། དེས་བདག་གོ །ཡང་ན་རྗེ་བཙུན་སྒྲོལ་མ། ཇོ་བོ་ཆེན་པོ་དཔལ་མར་མེ་མཛད། འབྲོམ་རྒྱལ་བའི་འབྱུང་གནས། བཤེས་གཉེན་པོ་ཏོ་བ། དགེ་བཤེས་ཤ་ར་བ། བྱ་འཆད་ཀ་བ། སྐྱེར་སྒང་པ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། ཟེའུ་སྐུ་མཆེད། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། ཀུན་མཁྱེན་རོང་སྟོན་ཆེན་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། གནུབ་སྒོམ་སྦས་པའི་རྣལ་འབྱོར། སྨོན་ལམ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་གོང་བཞིན་ནོ། ༈ །རྗེ་བཙུན་མ་དབང་གི་སྒྲོལ་མ་དམར་མོ་དཔལ་ས་སྐྱ་པའི་ཟབ་ཆོས་ངོར་དཔལ་ལྡན་དོན་གྲུབ་པའི་སྒྲུབ་ཐབས། རྗེས་གནང་གི་ཆོ་ག་ནས་རྗེས་གནང་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྗེ་བཙུན་སྒྲོལ་མ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ས་