R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 218
[A:218]པཎ། སློབ་དཔོན་ཤཱཀྱ་འོད་ཟེར། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ་སེང་གེ་རྒྱལ་མཚན། ཀླུ་པ་མཁན་ཆེན་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། གོང་མ་གྲགས་པ་འབྱུང་གནས། དཔལ་ལྡན་ཀུན་བཟང་རོལ་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། བླ་མ་དོན་ཡོད་དཔལ། གྲུབ་བརྙེས་དགེ་སློང་ངག་དབང་རྣམ་རྒྱལ། བསྟན་པའི་ཉི་མ་མཁྱེན་བརྩེའི་དབང་ཕྱུག །གྲུབ་པ་མཆོག་གི་དེད་དཔོན་དབང་ཕྱུག་རབ་བརྟན། བསྟན་པའི་མངའ་བདག་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་འཁོར་མེད་ཟུར་ཐམས་ཅད་མཁྱེན་པ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། ཆག་ལོ་ནས། ས་ལོ་འཇམ་དཔལ་རྡོ་རྗེ། མཚུངས་མེད་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ །རྗེ་བཙུན་བྲང་ཏི་པ། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཐར་རྩེ་ནམ་མཁའ་སངས་རྒྱས། ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ལའོ། ༈ །རྟ་མཆོག་གི་རིགས་ཀྱི་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལེགས་པར་བཀྲལ་ཞིང་ལོ་ཆེན་དར་མ་གྲགས་ཀྱིས་སྤྱན་དྲངས་པའི་གཉན་སྒྲོལ་ཡན་ལག་དྲུག་པ་རྗེ་བཙུན་ཆེན་པོས་མཛད་པའི་མངོན་པར་རྟོགས་པ་ཡན་ལག་དྲུག་ལྡན་དང་རྗེས་གནང་གི་ཆོ་ག་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྟེང་ནས་རྗེས་གནང་དང༌། དེ་དང་འབྲེལ་བའི་མཚན་བརྒྱ་རྩ་བརྒྱད་པའི་མདོའི་ལུང་རྗེས་གནང་གི་སྐབས་ངེས་པར་མཛད་དགོས་པའི་ཕྱག་བཞེས་ལྟར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། སློབ་དཔོན་ཀླུ་སྒྲུབ། བ་ལིང་ཏ་པ། སངས་རྒྱས་ཡེ་ཤེས། དཱི་པཾ་ཀ་ར་བྷ་དྲ། དཔལ་བདེ་བའི་