R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 241
[A:241]ཆེ། འདོད་རྒུའི་དཔལ་འབྱོར་རྩོལ་བའི་ལྷ་མཆོག་ས་བརྒྱད་པའི་དབང་ཕྱུག་མདོ་རྒྱུད་ཐམས་ཅད་དང་ཁྱད་པར་གར་མཁན་མཆོག་གི་རྒྱུད་ལས་གསུངས་ཤིང༌། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཆོས་སྐྱོང་དུ་མངའ་གསོལ་བ་འདི་ལ། ཕྱི་འགྱུར་ལ་རྣམ་སྲས་ཀྱི་བཀའ་མི་འདྲ་བ་བཅོ་ལྔ་ཙམ་ཡོད་པ་ལས། འདི་ཉིད་ཀྱི་གོང་གནོན་དུ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་ནོད་དགོས་པ་ནི་གོང་དུ་སྨོས་ཟིན། སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོས་རྒྱུད་དང་མན་ངག་ལ་བརྟེན་ནས་རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུ་རྟ་བདག་བརྒྱད་སྐོར་དུ་གྲགས་པའི་རྗེས་གནང་ཡིག་ཆ་ཀུན་མཁྱེན་བུས་མཛད་པ་ནས་ཐོབ་པའི་བརྒྱུད་པ་ནི། ཟངས་དཀར་ལོ་ཙཱ་འཕགས་པ་ཤེས་རབ་ཀྱིས། གཡོར་པོ་ཇོ་སྟོན་ལ་གནང་བར་སྨད་ལུགས་དང༌། སྟོད་ཀྱི་ཕྱོགས་སུ་གཏུམ་སྟོན་བློ་གྲོས་གྲགས་ལ་གནང་བ་ནས་བརྒྱུད་པར་སྟོད་ལུགས་གཉིས་ཀྱི། དང་པོ་སྨད་ལུགས་ཀྱི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་གོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། བཅུར་བསོད་ནམས་
གྲ་དོལ་བར་གྱི་
རིན་ཆེན། འཇེད་ཕུ་བ་པདྨ་བཀྲ་ཤིས། རྟག་པ་ལྷ་རྗེ་ཇོ་བཟང༌། ཁྲོ་ལོ་སྣུབས་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག །སེམས་དཔའ་ཆེན་པོ་བསོད་ནམས་སེང་གེ །ཡང་རྩེ་བ་རིན་ཆེན་སེང་གེ །ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ། བླ་མ་ཐབས་ཀྱི་བློ་གྲོས། བཟད་པ་རིན་རྒྱལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་