R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 242
[A:242]འཆང་ཚུལ་ཁྲིམས་བཀྲ་ཤིས། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་གཉིས་ཀས་བདག་ལའོ། །ཡང་ན་རྡོ་རྗེ་འཆང། སློབ་དཔོན་ཀ་མ་རུ་པ། སློབ་དཔོན་ཀརྞ་པ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་སཛྫ་ན། ཁ་ཆེ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ། ཞུ་ས་སྐྱ་པ། གྲགས་པ་སེང་གེ །རྒྱ་སྟོན་གྲུབ་པ་པོ། རྒྱ་སྟོན་གྲུབ་མཆོག །བླ་མ་རྡོ་རྗེ་དཔལ། ཁྲོ་ཕུ་སེམས་དཔའ་ཆེན་པོ་མན་འདྲ། གཉིས་པ་སྟོད་ལུགས་ཀྱི་བརྒྱུད་པ་ནི། ཟངས་དཀར་ལོ་ཙཱ་བ་ཡན་གོང་བཞིན་ལས། གཏུམ་སྟོན་བློ་གྲོས་གྲགས། གཏུམ་སྟོན་མགོན་པོ་ཡོན་ཏན། ལུང་ཁུ་གོན་པ་བ། མཁོན་ལུང་སྟོན། སློབ་དཔོན་ལེགས་པའི་ཤེས་རབ། བྱ་སྡེར་བ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། མང་མཁར་བློ་བཟང་དཀར་མོ། མང་མཁར་བློ་བཟང་གྲགས་པ། བཟང་ལྡན་མཁན་ཆེན་ཤཱཀྱ་བློ་གྲོས། རྡོ་རྗེ་རྒྱལ་པོ། སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །བཟླས་ལུང་དུས་བླ་མའི་བགྲང་ཕྲེང་མཉམ་དུ་འདྲེན་ཅིང་སྙིང་པོ་ལ་རྗེས་བཟློས་བརྒྱ་རྩ་བརྒྱད་བཟླས་སོ། །ཡང་སྨད་ལུགས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་བུའི་རྗེས་ལ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། རིན་ཆེན་དཔལ་གྲུབ། མཁྱེན་རབ་ཆོས་རྗེ། རྗེ་བསོད་ནམས་མཆོག་གྲུབ། བྱང་གླིང་བཀྲ་ཤིས་རྒྱལ་མཚན། ལྷ་བོ་པ་རིན་ཆེན་རྒྱ་མཚོ། མཁན་ཆེན་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང༌། བྱང་གླིང་བཀྲ་ཤིས་རྒྱལ་མཚན། རྡོ་རྗེ་འཆང་དབང་རབ། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དེ་བདག་གོ །དྲག་པོའི་རྗེས་