R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 243
[A:243]གནང་བྱེད་ན། ཞི་བ་བདེ་བྱེད་སེར་ཆེན་དང་ངེས་པར་འབྲེལ་དགོས་སོ། ༈ །རྣམ་སྲས་དྲག་བྱེད་གཞོན་པ་མེད་པ་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་བུ་སྟོན་རིན་པོ་ཆེའི་ཕྱག་ལེན་ལྟར་ཐོབ་པའི་བརྒྱུད་པ་ནི། འདི་ཡན་གོང་བཞིན་ལ། མཁྱེན་རབ་ཆོས་རྗེ་ནས་སྐུ་ཞང་རིན་ཆེན་མཆོག་གྲུབ། བྱང་གླིང་བཀྲ་ཤིས་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེ་བདག་གོ །དྲག་པོའི་རྗེས་གནང་ཤིན་ཏུ་གཉན་པས། འདི་ཐོབ་པའི་གང་ཟག་དེ། རྣམ་སྲས་ལ་མཆོད་གཏོར་མི་བཅག །མཇུག་ཏུ་རྣམ་སྲས་ཀྱི་ཚེ་སྒྲུབ་ཉམས་སུ་ལེན་དགོས་ཚུལ་སྣང་ངོ༌། །ཡང་ན་སྐུ་ཞང་མཁྱེན་རབ་ཆོས་རྗེ་ནས། བཅོ་བརྒྱད་པ་འཇམ་དབྱངས་ཆོས་རྗེ། གནས་བརྟན་བསྟན་པ་བཟང་པོ། འཇམ་དབྱངས་བྱང་གླིང་རྗེ་མན་འདྲ། ཡང་ན་ཐུགས་སྲས་རིན་ཆེན་རྣམ་རྒྱལ་ནས། མཁས་གྲུབ་རིན་ཆེན་བསོད་ནམས་འཕེལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། རྗེ་བཙུན་ཡབ་ཆོས་རྒྱལ་རིན་ཆེན་དཔལ་བཟང་པོ། ཚར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་ཁྲོ་ཕུ་ལོ་ཙཱ་བ་ནས། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་བཀའ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་རྡོ་རིངས་པ་ཆེན་པོ་མན་འདྲ། ༈ རྣམ་སྲས་དཀར་པོ་ལྷ་དགུའི་ཚེ་དབང་དང་བཅས་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཡིག་ཆ་ནས་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། གྲུབ་ཆེན་བྲིམ་ཀ་ར་ཝ་