R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 250
[A:250]མཚན། མཁྱེན་རབ་ཡོན་ཏན་དཔལ་འབྱུང༌། དཔལ་ལྡན་འབུམ་ཕྲག་གསུམ་པ། སྔགས་འཆང་ཡོན་ཏན་རྒྱ་མཚོ། རྗེ་ཨུ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྗེ་ངག་དབང་རྣམ་རྒྱལ། རྡོ་རྗེ་འཆང་རིན་ཆེན་རྒྱ་མཚོ། དེས་བདག་གོ །འབའ་ར་བའི་ཚེ་དབང་བསྐུར་མཆོག་གི་ལུང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ལ་ཡང་ཐོབ། ༈ འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ་ཇོ་བོ་རྗེ་ནས་རོང་པ་ཕྱག་སོར་བ་ལ་བརྒྱུད་པ་སྐྱེར་སྒང་ལུགས། དགེ་སློང་མ་དཔལ་མོ་ནས་བརྒྱུད་པ་དཔལ་མོ་ལུགས་ཞེས་རྒྱ་གར་ནས་བྱོན་པ་གཉིས། བྱང་སེམས་ཟླ་བ་རྒྱལ་མཚན་ལ་འཕགས་པ་ཉིད་ཀྱིས་དངོས་སུ་གནང་བ་ཟླ་རྒྱལ་ལུགས། བླ་མ་གཉན་དར་མ་འོད་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བ་ཚེམ་བུ་ལུགས་ཞེས་བཀའ་སྲོལ་བཞི་ལས། ཚར་ཆེན་གྱི་གསུང་ལ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པ་ནས་ཚེམ་བུ་ལུགས་ཀྱི་དམར་ཁྲིད་ནོས་པའི་བརྒྱུད་པ་ནི། ན་མོ་ལོ་ཀེ་ཤྭ་རཱ་ཡ། རྒྱལ་བ་ཀུན་གྱི་ཡབ་གཅིག་རྡོ་རྗེ་འཆང༌། །རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་བའི་བསྟན་འཛིན་གྲུབ་དབང་ཚེམ་བུ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚིག་རྐང་བཞི་པ་འདིའི་ཚབ་ཏུ། ཟུང་ལྡན་རྒྱན་འགྲིག་པའི་སླད་དུ། རྒྱལ་དབང་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས་སོགས་བཅོས། མཁས་གྲུབ་སྤྱི་བོ་ལྷས་པ་བྱང་ཆུབ་འོད། མཁས་མཆོག་བྱང་ཆུབ་ཚུལ་ཁྲིམས་བྲག་དམར་བ། །མཁས་བཙུན་བསོད་ནམས་སྙིང་པོ་དགོན་བསར་བ། །མཁས་པའི་ཡང་རྩེ་ཐོབ་པར་བྱིན་གྱིས་རློབས། །སྙིང་པོའི་དོན་གཟིགས་ཀུན་སྤངས་ཀུན་ཏུ་བཟང༌། །སྙིང་རྗེའི་བདག་ཉིད་བྱང་སེམས་རྒྱལ་ཡེའི་ཞབས། །སྙིང་ནས་འགྲོ་བའི་དོན་མཛད་གཞོན་སེང་བ། །སྙིང་པོའི་བསྟན་པ་འཛིན་པར་