R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 253
[A:253]རྫོགས་ཀྱི་རྣལ་འབྱོར་ཤིན་ཏུ་ཟབ་པ་སྙིང་པོ་དོན་གསུམ་དུ་གྲགས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཁྲིད་ཡིག་དགའ་ལྡན་དུ་བགྲོད་པའི་ཐེམ་སྐས་ལ་ཞལ་ཤེས་སྙན་བརྒྱུད་ཀྱིས་བརྒྱན་པའི་ཉམས་ཁྲིད་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ཏི་ལོ་པ། གྲུབ་ཆེན་རོལ་པའི་རྡོ་རྗེ། གྲུབ་ཆེན་མི་ཏྲ་ཛོ་ཀི །ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག །ཁྲོ་ཕུ་བསོད་ནམས་སེང་གེ །དེ་ལ་བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ་དང་ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོ་གཉིས་ཀྱིས་གསན། གཉིས་ཀ་ལ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། དེ་ནས་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ། ལྕང་ར་བ་མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྗེ་དྲུང་བ་སོ་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་ལེགས་པ་ཆོས་འབྱོར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ལྷ་བཙུན་བསོད་ནམས་དཔལ་བཟང༌། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། འཕགས་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། དེས་བདག་ལ་དགྱཻས་པ་ཆེན་པོས་བསྩལ་ཏོ། ༈ །ཡང་སྤྱན་རས་གཟིགས་ཁ་སར་པ་ཎིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གནང་བ་སེམས་ཉིད་ངལ་གསོའི་ཁྲིད་ཚར་ཆེན་གྱི་གསུང་ལ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་མཛད་པ་ནས་ཁྲིད་ལུང་གཉིས་ཀ་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་རིན་ཆེན་གྲུབ་ཡན་སྙིང་པོ་དོན་གསུམ་བཞིན་ལས། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། མཁས་པ་