R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 255
[A:255]ཆོས་ཀྱི་རྒྱལ་མཚན། སྤྱན་སྔ་ཆོས་སེང་བ། སྤྱན་སྔ་ཆོས་ཀྱི་དབང་ཕྱུག །གྲུབ་མཆོག་རིན་ཆེན་རྡོ་རྗེ། སྤྱན་སྔ་བསོད་ནམས་རིན་ཆེན། མཁན་ཆེན་རྒྱལ་མཚན་བཟང་པོ། བསོད་ནམས་རྒྱ་མཚོ། སྤྱན་སྔ་བསོད་ནམས་ལྷུན་གྲུབ། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ཆོས་འཕེལ། མཚུངས་མེད་ནོར་བུ་རྒྱན་པ། རྡོ་རྗེ་འཆང་རིན་ཆེན་རྡོ་རྗེ། སྤྲུལ་སྐུ་བཟང་པོ་རྡོ་རྗེ། རྩ་བའི་བླ་མ་རིན་ཆེན་ཆོས་
གཉགས་ཛྙཱ་ན་ཀུ་མ་རའི་སྤྲུལ་པ་
ལེགས། དེས་ཕྲིན་ལས་པ་ལ་དགྱེས་པ་ཆེན་པོས་གནང་བའོ། །ཡང་ན་ཆོས་རྒྱལ་དྭགས་པོ་ལྷ་རྗེ་འཛམ་གླིང་གྲགས་པ། ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་འཇིག་རྟེན་མགོན་པོ། སྤྱན་སྔ་གྲགས་པ་འབྱུང་གནས། རྒྱལ་སྲས་ཐོག་ཀ་བ། འཚམས་བཅད་པ། བཅུ་གཉིས་རིན་པོ་ཆེ། ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ། ཉེར་གཉིས་པ་དྷརྨ་རཱ་ཛ། རསྨི་སིང་ཧ། སྤྱན་སྔ་ཆོས་ཀྱི་དབང་ཕྱུག་མན་འདྲའོ། །ཡང་ན་འཛམ་གླིང་གྲགས་པ། སྒོམ་ཚུལ། ཞང་ཚལ་པ་རོ་སྙོམ་པ། རས་ཆེན་པ། ཡང་དགོན་པ། སྤྱན་སྔ་རིན་ལྡན། ཟུར་ཕུག་པ། ཆོས་རྗེ་རི་པ་བ། གཞོན་ནུ་དཔལ་ལྡན། སྤྱན་སྔ་ཆོས་ཀྱི་དབང་ཕྱུག་མན་འདྲའོ། །ཡང་ན། རྗེ་སྒོམ་ཚུལ་ནས། རྗེ་དུས་གསུམ་མཁྱེན་པ། ཀུན་དགའ་རས་ཆེན་པ། སྤོམ་བྲག་པ། ཀརྨ་པཀྴི། ཨོ་རྒྱན་པ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་པ། མགོན་རྒྱལ་བ། རྗེ་རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། བླ་མ་ཆོས་བཟང༌། ཆོས་དཔལ་ཡེ་ཤེས། རྗེ་མཐོང་བ་དོན་ལྡན། གུ་ཤྲཱི་དཔལ་འབྱོར་དོན་གྲུབ། རྗེ་ཆོས་གྲགས་རྒྱ་མཚོ། ཀརྨ་ཕྲིན་ལས་པ། བཀྲ་ཤིས་རྣམ་རྒྱལ་མན་འདྲའོ། །ཡང་ན་ཀརྨ་ཕྲིན་ལས་པ། ཆོས་ཀྱི་དབང་ཕྱུག་མན་འདྲའོ། །ཡང་ན་དཔལ་འབྱོར་དོན་གྲུབ། རྗེ་ཆོས་གྲགས་རྒྱ་མཚོ། ཀརྨ་ཕྲིན་ལས་པ། བཀྲ་ཤིས་རྣམ་རྒྱལ་མན་འདྲའོ། ༈ །ཡང་ཕྱག་རྒྱ་ཆེན་པོ་