R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 262
[A:262]གི་ཁྲིད་ཙན་དན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་པ། ༈ དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་རྙིང་མའི་གལ་པོ་རྒྱུད་ལུང་ཕ་མ་མེད་པའི་རྒན་རྒོན་སོགས་ཕྱིར་བསལ་གང་ཡིད་ཆེས་པ་རྣམས་ཆོས་རྗེ་མཁས་པའི་དབང་པོའི་ཞལ་སློབ་ཞིག་གི་ངག་ལས་རྙེད་པའི་ཆ་ཤས་ཙམ་བཀོད་པ། ༈ ཨུ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ཟླ་སེང་གི་ཁྲིད་ལས་བཏུས་པ། ༈ ལམ་འབྲས་བུ་དང་བཅས་པའི་ཁྲིད་ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ་བསམ་མི་ཁྱབ་ཀྱི་ཁྲིད་རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ་པདྨ་བཛྲ་གྱི་ཁྲིད་རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ། ཌོམྦྷི་པའི་ལྷན་ཅིག་སྐྱེས་གྲུབ་ཀྱི་ཁྲིད་རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མའི་ཡོན་པོ་སྲོང་བའི་ཁྲིད་ནི་རྗེ་བཙུན་གྲགས་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ་ཕྱག་རྒྱའི་ཁྲིད་རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་ཡིག་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ་ཕྱག་ཆེན་ཡི་གེ་མེད་པའི་ཁྲིད་རྗེ་བཙུན་གྲགས་པའི་ཁྲིད་དཔེ་ལས་བཏུས་པ། ༈ ལམ་སྐོར་ཕྱི་མ་མཆོད་རྟེན་དྲུང་ཐོབ་གྱི་ཁྲིད་རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་པ། ༈ མདོ་རྒྱུད་བསྲེ་བའི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ བར་ཆད་གསུམ་སེལ་ལས་ཕྱི་རོལ་གདོན་གྱི་བར་ཆད་སེལ་བའི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ ཏིང་འཛིན་སེམས་ཀྱི་བར་ཆད་སེལ་བའི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ ཕྱག་ཆེན་སྡུག་བསྔལ་གསུམ་སེལ་གྱི་ཁྲིད་