R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 263
[A:263]ཡིག་རྙིང་ལས་བཏུས་པ། ༈ གཉུག་མ་དྲན་གསལ་གྱི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ དག་པ་གསུམ་གྱི་ཁྲིད་ཆོས་རྒྱལ་འཕགས་པའི་ཁྲིད་དཔེ་ལས་བཏུས་པ། ༈ རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་དགུའི་ཁྲིད་འབྲོག་མིའི་ཡིག་རྙིང་ལས་བཏུས་པ། ༈ ལམ་སྦས་བཤད་ཀྱི་ཁྲིད་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་ཁྲིད་ཡིག་ལས་བཏུས་པ། ༈ བརྡའ་དོན་གསལ་བའི་ཁྲིད་ས་སྐྱ་པཎྜི་ཏའི་ཁྲིད་ཡིག་ལས་བཏུས་པ། ༈ གསང་འདུས་རིམ་ལྔའི་ཁྲིད་རྡོ་རྗེ་འཆང་གི་གསུང་སྒྲོས་ལས་བཏུས་པ། ༈ གྲོལ་བའི་ཐིག་ལེའི་ཁྲིད་བྱང་ཕུག་པའི་ཟིན་བྲིས་ལས་བཏུས་པ། ༈ སྤྲོས་མེད་ཀྱི་ཁྲིད་གློ་བོ་ལོ་ཙཱ་བའི་སྟོང་ཐུན་ལས་བཏུས་པ། ༈ རྣལ་འབྱོར་བཞྀ་རིམ་གྱི་ཁྲིད་གློ་བོ་ལོ་ཙཱ་བའི་ཁྲིད་ཡིག་ལས་བཏུས་པ། ༈ འཇིགས་བྱེད་ཀྱི་རྭ་ཁྲིད་སྐྱོའི་ཡི་གེ་ལས་བཏུས་པ། ༈ ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་རྗེ་བཙུན་གྲགས་པའི་ཁྲིད་ཡིག་ལས་བཏུས་པ། ༈ ཡུམ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད་གསུང་རྒྱུན་བཞིན་སྙིང་པོ་དྲིལ་ནས་བྲིས་པ། ༈ དྲིལ་བུ་རིམ་ལྔའི་ཁྲིད་ཚོགས་སྒོམ་ཀུན་དགའ་དཔལ་གྱི་ཁྲིད་ཡིག་ལས་བཏུས་པ། ༈ ནག་པོ་རིམ་བཞིའི་ཁྲིད་རྗེ་ས་ཆེན་གྱི་རིམ་བཞི་ལམ་སློང་ལས་བཏུས་པ། ༈ བདེ་མཆོག་དཀར་པོའི་ཁྲིད་དཔྱལ་ཨ་མོ་གྷའི་ཁྲིད་ཡིག་ལས་བཏུས་པ། ༈ གདན་བཞིའི་ཁྲིད་རྔོག་ཞེ་སྡང་རྡོ་རྗེའི་ཡིག་རྙིང་ལས་བཏུས་པ། ༈ མཧཱ་མཱ་ཡའི་ཁྲིད་རྔོག་པའི་ཡིག་རྙིང་ལས་བཏུས་པ། ༈ བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་ཞལ་ལས་འོངས་པ་ཉིད་ཉེ་བར་བྲིས་པ། ༈ ཕག་མོ་སྒོམ་དྲུག་གི་ཁྲིད་དཔྱལ་པའི་ཡིག་རྙིང་ཇི་ལྟ་བ་བཞིན་དུ་བཏུས་པ། ༈ ན་རོ་ཆོས་དྲུག་གི་ཁྲིད་གསེར་ཞུན་མ་ལས་བཀོལ་ཏེ་བྲིས་པ། ༈ ནི་གུ་ཆོས་དྲུག་གི་ཁྲིད་བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་དཔེ་ལས་བཏུས་