R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 265
[A:265]རས་ཐུབ་པ་ལྔ་ལྡན་གྱི་ཁྲིད་གྲྭ་དགའ་ལྡན་པའི་ཁྲིད་ལས་བཏུས་པ། ༈ རི་ཆོས་སྙིང་པོ་དྲུག་གི་ཁྲིད་རི་ཆོས་ཉིད་ལས་བཏུས་པ། ༈ མགོན་པོ་སྐུ་རགས་མའི་ཁྲིད་ཡིག་རྙིང་ན་དེ་ལྟར་བཏུས་པ། ༈ དཔལ་གུར་གྱི་མགོན་པོའི་ནང་ཁྲིད་ཡར་ལུངས་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་ནང་ལྟར་བཏུས་པ། ༈ དོ་ཧ་སྐོར་གསུམ་གྱི་ཁྲིད་པར་ཕུ་བའི་ཁྲིད་ཡིག་ལས་བཏུས་པ། ༈ གྲུབ་ཐོབ་ཆོས་དྲུག་གི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ པདྨ་ལམ་རིམ་གྱི་ཁྲིད་པདྨ་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ༌། ༈ །རྒྱལ་པོ་བཀའ་འབུམ་གྱི་ཁྲིད་ལྷ་རྗེ་དགེ་བ་འབུམ་གྱི་ཁྲིད་ལས་བཏུས་པ། ༈ ནོར་བུ་མཐོང་གྲོལ་གྱི་ཁྲིད་བྲམ་པའི་ཁྲིད་ཡིག་ལས་བཏུས་པ། ༈ སེམས་ཁྲིད་ཡིད་བཞིན་ནོར་བུའི་ཁྲིད་ཀཱ་ལ་དུང་མཚོ་ནས་སྤྱན་དྲངས་པའི་དཔེ་རྙིང་ལས་བཏུས་པ། ༈ དེ་ལྟར་ཁྲིད་ཚུལ་བརྒྱ་དང་བརྒྱད་ཐོབ་པའི་བརྒྱུད་པ་རྒྱས་པ། མཁས་གྲུབ་དབང་པོ་ཀུན་དགའ་གྲོལ་མཆོག་ཞལ་སྔ་ནས་ཀྱིས་བླ་མ་སོ་སོ་ལ་གསན་ཚུལ་སླར་བྲི། རེ་ཞིག་ལ་ཁྱབ་བདག་ཀུན་དགའ་གྲོལ་མཆོག །སྤོས་ཁང་མཁན་ཆེན་ཤེས་རབ་རིན་ཆེན་ནམ་བསམ་གཏན་རིན་ཆེན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ཨ་མེས་ཀུན་དགའ་བསོད་ནམས། དེ་ཉིད་ཀྱི་རིགས་ཆོས་གཉིས་ཀའི་སྲས་མཆོག་འཇམ་དཔའི་རྡོ་རྗེ། མཚན་གཞན་བསོད་ནམས་དབང་ཕྱུག་ཞབས། མཁན་ཆེན་བྱམས་པ་དགེ་བའི་དབང་པོས་དགྱེས་བཞིན་དུ་ཕྲིན་ལས་པར་གནང་བའོ། །