R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 278
[A:278]པོ། ལྷ་མཆོག་འཇམ་དཔལ་དབྱངས། ཞི་བ་ལྷ། པཎྜི་ཏ་མི་བརྗེད་གཟུངས་ཐོབ། ཛེ་ཏཱ་རི། ཟླ་གྲགས་ཆུང་བ། པུཎྱ་ཤྲཱི། བལ་པོ་ཀ་ན་ཀ་པ། སུ་མ་ཏི་ཀཱིརྟི། རྔོག་ལོ། ཞང་མཛེས། གཙང་ནགས་པ། ཡང་ན་རྔོག །སློབ་དཔོན་བློ་གྲོས་འབྱུང་གནས། ཆ་པ་ཆོས་ཀྱི་སེང་གེ །གཙང་ནགས་པ། དཔལ་ལྡན་གྲོ། ཀུན་མཁྱེན་མཆིམས་པ། ཟེའུ་གྲགས་བརྩོན། མཁན་ཆེན་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ།
བར་འདིར་བླ་མ་འགའ་ཤས་མ་རྙེད།
རབ་འབྱམས་པ་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས། དེས་བདག་གོ ༈ །དཔལ་གསང་འདུས་ཀྱི་ཆོས་སྐོར་སློབ་དཔོན་ཨཱརྱ་དེ་བས་མཛད་པ་སྤྱོད་བསྡུས་སྒྲོན་མ་ལོ་ཆེན་འགྱུར་ནས་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏང་གི་པ། ཏི་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། ཚུར་སྟོན་དབང་གི་རྡོ་རྗེ། འཁོན་གད་པ་ཀཱིརྟི། རྗེ་བསོད་ནམས་རིན་ཆེན། ཚུལ་ཁྲིམས་སྐྱབས། འཕགས་པ་སྐྱབས། གསེར་སྡིངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་བུ་སྟོན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང༌། སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ །དབང་ཕྱུག་གྲུབ་པ། རྗེ་ཡོངས་འཛིན། རྗེ་སངས་རྒྱས་རིན་ཆེན། དེ་གཉིས་ཀ་ལ་བདག་ཆེན་ངག་པ། དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དྭགས་པཽ་སློབ་དཔོན་བསོད་ནམས་རྒྱ་མཚོ། ངེས་པར་གནས་ལྔ་རིག་པ་རྣམ་སྲས་གླིང་པ་དཀོན་མཆོག་ཆོས་གྲགས། དེས་ཕྲིན་ལས་པ་ལའོ། །སློབ་དཔོན་དཔའ་བོས་མཛད་པའི་འཁྲུངས་